དབུ་ཤོག>ཆེད་སྒྲིག
  • ལྷོ་རོང་རྫོང་བདེ་ཁང་སྡེ་ཁུལ་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་འཕྲིན་ལས་པ་སངས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-30

    ཆབ་མདོའི་ནུབ་རྒྱུད་དུ་གནས་པའི་ལྷོ་རོང་རྫོང་ལ“བོད་ཤར་འབྲུ་མཛོད”ཀྱི་མཚན་སྙན་ལྡན་ཡོད། དེ་གར་ནས་སྤུས་ལེགས་ཐོན་པས་ནས་ཡུལ་དེའི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོར་གྱུར་ཡོད། འཕྲིན་ལས་པ་སངས་ཁྱིམ་གྱི་དེ་སྔའི་ཡོང་འབབ་གཙོ་བོ་ནས་རེད།

    འཕྲིན་ལས་པ་སངས་ཆུང་དུས་ནས་རི་མོ་འབྲི་བར་ཧ་ཅང་དགའ་པོ་ཡོད་ཅིང་། སློབ་གསེང་སྐབས་ཁོམ་པ་ཡོད་ཚེ་ཁོང་གིས་ལྕུག་ཕྲན་གྱིས་རི་མོ་འབྲི་གི་ཡོད། དགའ་དད་དེས་མཐར་ཁོང་གི་དབུལ་ཞིང་ཕོངས་པའི་འཚོ་བའི་ཆ་རྐྱེན་ལ་འགྱུར་ལྡོག་ཆེན་པོ་བཏང་ཡོད།

    ཡུན་རིང་མཐའ་འཁྱོངས་བྱས་པ་བརྒྱུད། འཕྲིན་ལས་པ་སངས་ལོ་10ལྷག་ཙམ་ལ་སླེབས་སྐབས་རི་མོའི་རྨང་གཞི་ཡག་པོ་འདིང་ཐུབ་་བྱུང་ནས། རྗེས་སུ་གཅེན་པོའི་ས་ནས་ཐང་ག་འབྲི་རྩལ་སྦྱངས་པ་རེད། ལོ་20ལྷག་ཙམ་ལ་སླེབས་སྐབས་རང་གཅིག་པུས་ཚོན་གཏོང་ཐུབ་པ་མ་ཟད། ཞིང་དལ་སྐབས་སུ་ས་གནས་ཁག་ཏུ་བོད་བཟོའི་ཚོན་གཏོང་བར་འགྲོ་ཡི་ཡོད།

    དཀའ་སྤྱད་ལས་ལ་བརྩོན་ཁར་ལག་རྩལ་ཡང་བྱང་ཆུབ་པས་དགའ་ཉེ་སྤུ་མཆེད་མང་པོ་ཞིག་གིས་འཕྲིན་ལས་པ་སངས་ལ་ལས་ཀ་ངོ་སྤྲོད་བྱེད་འདོད་བྱེད་པ་དང་ཁོང་གི་མདུན་ལམ་ཡང་དེ་བས་ཡངས་སུ་སོང་ཡོད། ཡོང་འབབ་མང་དུ་ཕྱིན་རུང་རྒྱུན་དུ་ཕྱིར་ལས་ཀ་བྱེད་དགོས་སྟབས། ཁོང་གིས་དེ་ཙམ་ཐང་པོ་མེད་པའི་གཅུང་མོར་ལྟ་རྟོག་བྱེད་ཐབས་བྲལ་བ་དང་བཟའ་ཟླ་གཅིག་པུས་ནང་མི་ཚང་མར་ལྟ་རྟོག་བྱེད་དགོས་པས། མཐར་ཁོང་གིས་ལྷོ་རོང་དུ་ལོག་པའི་སེམས་ཐག་བཅད།

    ཕ་ཡུལ་དུ་ལོག་རྗེས་ཚོན་གཏོང་བའི་ལས་ཀ་རིམ་གྱིས་ཉུང་དུ་ཕྱིན་པ་མ་ཟད། མི་མང་པོས་ཤིང་རྒྱུའི་མཛེས་རྒྱན་གྱིས་སྲོལ་རྒྱུན་ཚོན་རིས་ཀྱི་ཚབ་བྱས་པས། ཁོང་སྐབས་ཤིག་རིང་ལས་ཀ་མེད་པའི་གནས་སུ་གྱར། སྟབས་ལེགས་པ་ཞིག་ལ་སློབ་སྦྱོང་གི་རྨང་གཞི་བཟང་བའི་ཁོང་གིས་བརྙན་འཕྲིན་ནས་ཤིང་བརྐོས་ཐོན་རྫས་མཐོང་སྟེ་བརྙན་འཕྲིན་ལྟ་ཞོར་དུ་དེའི་ལག་རྩལ་རང་སྦྱོང་བྱས་པ་རེད།

    སྤྲོ་སེམས་ཀྱིས་ཕྱུག་པའི་འཕྲིན་ལས་པ་སངས་ཀྱི་ཤིང་བརྐོས་ལག་རྩལ་རིམ་བཞིན་བྱང་ཆུབ་ཏུ་སོང་བ་དང་ཐོན་རྫས་ལའང་མི་སྔར་བས་མང་བས་དགའ་པོ་བྱེད་ཀྱི་ཡོད། 2017ལོར་ཁོང་གིས་རང་ཁྱིམ་གྱི་ཐོག་སོ་གཉིས་པར་ལས་དོན་ཁང་ཞིག་བཙུགས་ནས་ཤིང་བརྐོས་ཐོན་རྫས་སྣ་ཚོགས་བཟོ་གི་ཡོད། ཤིང་བརྐོས་ཕུད་འཕྲིན་ལས་པ་སངས་ཀྱིས་ཁོམ་པ་སྤྱད་དེ་གཙང་པོ་དང་རི་ལྡེབས་སུ་བསྐྱོད་ནས་རྡོ་བསྒྲུགས་ཏེ་རྡོ་བརྐོས་ཐོན་རྫས་བཟོ་གི་ཡོད།

    དུས་ཚོད་གང་ཙམ་སོང་རྗེས་འཕྲིན་ལས་པ་སངས་སྐད་གྲགས་ཆེ་རུ་སོང་སྟེ་ཉེ་འཁོར་གྱི་གྲོང་མིས་ཁོང་གི་སར་ལག་རྩལ་སྦྱོང་བར་འགྲོ་ཡི་ཡོད། འཕྲིན་ལས་པ་སངས་ཀྱིས་རང་ཉིད་ཀྱི་ཁོང་དུ་ཆུད་པའི་ཚོན་གཏོང་སྟངས་དང་བརྐོས་རྒྱག་ལག་རྩལ་སློབ་ཡོན་མེད་པར་ཁོ་ཚོར་སློབ་ཀྱི་ཡོད།

    “སྔ་རྗེས་སུ་ཁོང་གིས་སློབ་མ་བཅུ་ལྷག་ཙམ་ལ་ལག་རྩལ་བསླབས་ནས་ཕྱེད་ཀ་ཡན་ད་ཆ་ལག་རྩལ་དེར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། གལ་སྲིད་སུ་སྦྱོང་འདོད་ཡོད་ཚེ་ངས་ངེས་པར་དུ་ནན་ཏན་ངང་ཁོ་ཚོར་སློབ་ཀྱི་ཡིན། ང་རང་ཡང་དེ་སྔོན་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན། ད་ཆ་སྲིད་གཞུང་གི་རོགས་རམ་མང་པོ་ཐོབ་བྱུང”ཞེས་འཕྲིན་ལས་པ་སངས་ཀྱིས་རང་ཉིད་ཀྱི་ཁོང་དུ་ཆུད་པའི་ལག་རྩལ་ལ་བརྟེན་ནས་མི་དེ་བས་མང་བར་ཡོང་འབབ་གཏོད་པའི་རེ་བ་བྱེད་ཀྱི་ཡོད།

    2019ལོར་འཕྲིན་ལས་པ་སངས་ཀྱིས་བདེ་ཁང་སྡེ་ཁུལ་གྱི་ཉེ་འགྲམ་དུ་ཚོང་ཁང་ཞིག་བོགས་མར་བླངས་ནས་ཆེད་མངགས་ཤིང་བརྐོས་ཀྱི་འཛིན་ཆས་དང་། རྡོ་བརྐོས་ཀྱི་འཛིན་ཆས་འཚོང་གི་ཡོད། འོན་ཀྱང་འཕྲིན་ལས་པ་སངས་ཀྱིས་ད་ལྟའི་ལག་རྩལ་ལ་བློ་ཡིད་ཚིམས་ནས་མ་བསྡད་པར་ལག་རྩལ་ཡག་པོ་ཞིག་སྦྱོང་སྙམ་པའི་སྐབས་སུ། ཏག་ཏག་ཁྱུག་དབྱིངས་ནས་པེ་ཅིང་གི་དཀྲུག་པ་ཞིག་གི་བརྩམས་ཆོས་མཐོང་བས་ལག་རྩལ་དེ་བས་མཐར་ཕྱིན་པ་ཞིག་སྦྱོང་འདོད་ཆེན་པོ་སྐྱེས།

    བདེ་ཁང་སྡེ་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་གནས་ཚུལ་དེ་ཤེས་རྗེས་རྒྱབ་སྐྱོར་ཆེན་པོ་བྱས་ཏེ། སྒྱུ་རྩལ་བ་དེ་དང་འབྲེལ་བ་བྱས་ནས་བསམ་ཚུལ་བཤད་རྗེས་སྒྱུ་རྩལ་བ་དེས་འཕྲིན་ལས་པ་སངས་པེ་ཅིང་དུ་སློབ་སྦྱོང་བྱེད་པར་ཡོང་བའི་དགའ་བསུ་ཞུ་ཞེས་བཤད།

    འཕྲིན་ལས་པ་སངས་ཀྱིས་ཚོན་གཏོང་ཤེས་པ་དང་བརྐོས་རྒྱག་ཤེས་པ་མ་ཟད། སེམས་རྩ་འཁོལ་བས་རྟག་ཏུ་གཞན་ལ་རོགས་རམ་བྱེད་ཀྱི་ཡོད། སྦག་སྦག་དང་། ལག་སྐྱོར་འདྲུད་འཐེན་འཕྲུལ་འཁོར། སྒྲ་སྐྱེད་འཕྲུལ་ཆས་ཉམས་བཟོ་བྱེད་པ་སོགས་ལས་ཀ་ཡོད་ཕྱིན་ཚང་མས་འཕྲིན་ལས་པ་སངས་རོགས་པར་འབོད་ཀྱི་ཡོད། ལག་རྩལ་དེ་དག་མང་ཆེ་བ་འཕྲིན་ལས་པ་སངས་སོ་སོས་སྦྱངས་པ་ཞིག་ཡིན་པ་དང་། ད་ཆ་ཁོང་གི་འབད་བརྩོན་འོག་རང་ཉིད་ཀྱི་ལས་དབང་ལ་འགྱུར་ལྡོག་ཕྱིན་ཡོད།

    གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་སྦྲགས་འཕྲིན་ལས་པ་སངས་དང་འདྲ་བའི་མི་མང་པོ་ཞིག་ཕ་ཡུལ་དུ་ལོག་ནས་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཀྱི་སྣེ་ཁྲིད་པར་གྱུར་ཏེ། ཞིང་པར་ཕྱུག་འགྱུར་ལམ་དུ་ཁྲིད་སྟོན་བྱེད་བཞིན་ཡོད། དེ་དང་འདྲ་བར་ས་ཆ་དེ་བས་མང་བས་ཕ་ཡུལ་དུ་ཡུལ་མི་སྤུན་མཆེད་དང་མཉམ་དུ་ཕྱུག་འགྱུར་གྱི་ལམ་དུ་ཡག་པོ་བསྐྱོད་ནས་འཐུས་སྒོ་ཚང་བའི་འབྲེལ་ཡོད་སྲིད་ཇུས་ཀྱི་རོགས་སྐྱོར་བྱ་ཐབས་ལ་བརྟེན་ཏེ་་ཕྱི་ཕྱོགས་སུ་ཡོད་པའི་ཤེས་ལྡན་པ་རྣམས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ་གྲོང་གསེབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པའི་ཡིད་ཆེས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།