དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས་ཀྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-28

    62 《མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་ཡང་དག་བྱ་རྒྱུའི་སྐོར་གྱི་གནད་དོན》

    1957ལོའི་ཟླ་2པར་མའོ་ཙེ་ཏུང་གིས《མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་ཡང་དག་བྱ་རྒྱུའི་སྐོར་གྱི་གནད་དོན》གྱི་གསུང་བཤད་སྤེལ་ནས་ངོ་བོ་མི་འདྲ་བའི་འགལ་བ་གཉིས་དབྱེ་བ་ནན་ཏན་འབྱེད་པ་དང་དེ་བཞིན་མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་ཡག་དག་བྱེད་དགོས་པའི་གནད་དོན་རྒྱས་བཤད་ཞིབ་ཕྲ་གནང་བ་རེད།

    63 ལེ་ཧྥུང་གི་སྙིང་སྟོབས།

    ལེ་ཧྥུང་། 1940ལོར་འཁྲུངས། ཧུའུ་ནན་ཞིང་ཆེན་ཝང་ཁྲེང་རྫོང་ནས་ཡིན་པ། ཧྲེན་དབྱང་དམག་ཁུལ་ཁང་བཟོ་སྐྲུན་དམག་གི་དཔུང་སྡེ་ཞིག་གི་འཐབ་འཛིང་པ་ཡིན་པ། 1962ལོའི་ཟླ་8ཚེས་15ཉིན་ལས་འགན་སྒྲུབ་སྐབས་སྟབས་མི་ལེགས་པར་གཞུང་དོན་ཆེད་དུ་རང་སྲོག་ཤོར་བ་རེད། 1963ལོའི་ཟླ་3ཚེས་5ཉིན་མའོ་ཙེ་ཏུང་སྐུ་ངོ་མས“བློ་མཐུན་ལེ་ཧྥུང་ལ་སློབ་སྦྱོང་བྱེད”ཅེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་བ་རེད། ཀྲོའུ་ཨེན་ལའེ་ཡིས་ཕྱག་བྲིས་ནང་ལེ་ཧྥུང་གི་སྙིང་སྟོབས་ལ་ཚད་མཐོའི་སྙིང་བསྡུས་གནང་བ་སྟེ“བློ་མཐུན་ལེ་ཧྥུང་གི་ཆགས་སྡང་གསལ་བའི་གྲལ་རིམ་གྱི་ལངས་ཕྱོགས་དང་། གཏམ་སྤྱོད་གཅིག་མཚུངས་ཀྱི་གསར་བརྗེའི་སྙིང་སྟོབས། སྤྱི་བསམ་སྒེར་དོར་གྱི་གུང་ཁྲན་རིང་ལུགས་ཀྱི་ཉམས་འགྱུར། སྲོག་ཉེན་ལ་མི་འཛེམས་པའི་འབྱོར་མེད་གྲལ་རིམ་གྱི་དཔའ་ངར་བཅས་ལ་སློབ་སྦྱོང་བྱེད་དགོས”

    64 ཅའོ་ཡུས་ལུའུ་ཡི་སྙིང་སྟོབས།

    ཅའོ་ཡུས་ལུའུ། 1922ལོར་འཁྲུངས། ཧྲན་ཏུང་ཙེ་པོ་ནས་ཡིན་པ། ཧོ་ནན་ཞིང་ཆེན་ལན་ཁའོ་རྫོང་ཨུད་ཀྱི་ཧྲུའུ་ཅི། 1964ལོའི་ཟླ་5པར་མཆིན་པའི་འབྲས་སྐྲན་ཕོག་ནས་སྐུ་གཤེགས། 1967ལོའི་ཟླ་2ཚེས་7ཉིན་ཤིན་ཧྭ་གསར་འགྱུར་ཁང་གིས་རྒྱས་འཕྲིན《རྫོང་ཨུད་ཧྲུའུ་ཅིའི་མིག་དཔེ་བཟང་པོ་ཅའོ་ཡུས་ལུའུ》ཞེས་པ་སྤེལ་བ་རེད། 《མི་དམངས་ཉིན་རེའི་ཚགས་པར》གྱིས་ཆེད་བརྗོད་སྤེལ་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཁེ་གྲགས་ལ་མི་བལྟོས་པ་དང་། དཀའ་སྡུག་དང་ཤི་རྒྱུར་མི་སྐྲག་པ། བློ་གཅིག་སེམས་གཅིག་ངང་གསར་བརྗེ་དང་མི་དམངས་ཀྱི་ཆེད་དུ་ལས་ཀ་བྱེད་པ། ཀྲུང་གོ་མི་དམངས་དང་འཛམ་གླིང་མི་དམངས་ལ་རྦད་དེ་ཞབས་འདེགས་ཞུ་བའི་ཁོང་གི་གསར་བརྗེའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

    65 ཏ་ཀྲའེ་ཡི་སྙིང་སྟོབས།

    1964ལོར་མའོ་ཙེ་ཏུང་གིས“ཞིང་ལས་ཏ་ཀྲའེ་ལ་སློབ་སྦྱོང”བྱེད་དགོས་པའི་འབོད་སྐུལ་གནང་བ་རེད། ཕྱིས་སུ་ཀྲོའུ་ཨེན་ལའེ་ཡིས་ཏ་ཀྲའེ་ཡི་སྙིང་སྟོབས་ལ་ཕྱོགས་སྡོམ་འདི་ལྟར་གནང་བ་སྟེ། ཆབ་སྲིད་གཙོ་བོར་བྱེད་པ་དང་བསམ་བློ་སྔོན་གཏོང་གི་རྩ་དོན་དང་། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས། རྒྱལ་ཁབ་ལ་དགའ་ཞེན་དང་མཉམ་སྡེབ་ལ་དགའ་ཞེན་གྱི་གུང་ཁྲན་རིང་ལུགས་ཀྱི་ཉམས་འགྱུར་བཅས་སོ།

    66 ཏཱ་ཆིང་གི་སྙིང་སྟོབས།

    1964ལོར་མའོ་ཙེ་ཏུང་གིས“བཟོ་ལས་ཐད་ཏཱ་ཆིང་ལ་སློབ་སྦྱོང་བྱེད་དགོས་པའི”འབོད་སྐུལ་གནང་ཡོད། 1990ལོར་ཅང་ཙེ་མིང་གིས“རྒྱལ་གཅེས་དང་། ལས་གཏོད། བདེན་འཚོལ། ལེགས་སྐྱེས་འབུལ་བ”བཅས་ཏཱ་ཆིང་གི་སྙིང་སྟོབས་ལ་ཚད་མཐོའི་སྙིང་བསྡུས་གནང་ཡོད།

    67 “མདེལ་གཉིས་སྐར་གཅིག”

    འདི་ནི་ཀྲུང་གོ་གསར་པའི་རྒྱལ་སྲུང་གི་རྩེར་སོན་ཚན་རིག་ལག་རྩལ་གྱི་མཚོན་བྱེད་གྲུབ་འབྲས་ཤིག་རེད། 1964ལོའི་ཟླ་10པར་རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་དང་པོ་འབར་གས་ལེགས་གྲུབ་བྱུང་ཡོད། 1966ལོའི་ཟླ་10པར་རང་རྒྱལ་གྱི་ཉིང་རྡུལ་འབར་མདེལ་བླུགས་པའི་ས་ཐོག་ས་འཕེན་འཕུར་མདེལ་འབར་གས་ལེགས་གྲུབ་བྱུང་ཡོད། 1967ལོའི་ཟླ་6པར་རང་རྒྱལ་གྱི་ཆིང་ཏན་འབར་མདེལ་དང་པོ་མཁའ་ཐོག་འབར་གས་ཚོད་ལྟ་ལེགས་གྲུབ་བྱུང་ཡོད། 1976ལོའི་ཟླ་4པར་རང་རྒྱལ་གྱིས“རྒྱང་སྐྱོད་དང་པོ་རྟགས་ཅན”གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདེལ་ལ་བརྟེན་ནས་མིས་བཟོས་སའི་གོ་ལའི་སྲུང་སྐར“ཤར་ཕྱོགས་དམར་ཨང་དང་པོ་རྟགས་ཅན”འཕེན་གཏོང་ལེགས་གྲུབ་བྱུང་ཡོད། (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།