དབུ་ཤོག>ཆེད་སྒྲིག
  • ལྷག་བསམ་དག་པའི་ལྷ་རྗེ་ཡིས། འགྲོ་བའི་ཚེ་སྲོག་སྐྱོབ་ལ་གཞོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-27

    837641_yis_1627056000000_s.jpg

    འདི་ནི“སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཀྲུང་ནན་ཧྲན་ཡིན་པ། (དཔྱད་གཞིའི་པར་རིས) 

    སྐྱེས་པ། རྒྱ་རིགས། ཧྥུའུ་ཅན་ཞ་མོན་བ། 1936ལོར་ནན་ཅིང་དུ་འཁྲུངས། ཀྲུང་གུང་ཏང་ཡོན། ཀྲུང་གོ་བཟོ་བཀོད་ཁང་གི་ཡོན་ཧྲི། ཀོང་ཀྲོའུ་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོའི་རྒྱལ་ཁབ་དབུགས་ལམ་མ་ལག་ནད་གཞིའི་ནད་ཐོག་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན། ཀོང་ཀྲོའུ་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་བཅས་རེད།

    2003ལོའི་དམིགས་བསལ་གློ་ཚད་ལ་འགོག་རྒོལ་བྱེད་རིང་། ཁོང་གིས་སྲོག་ཉེན་ལ་མ་འཛེམས་པར་ནད་གཞི་ལྕི་ཞིང་སྲོག་ཉེན་ཆེ་བའི་ནད་པ་སྐྱོབ་བཅོས་གནང་ནས་འཐབ་ས་དང་པོར་སྨན་བཅོས་སྐྱོབ་བཅོས་ལས་ལ་གཞོལ་བ་དང་། “ཉེན་ཁ་ཆེ་ཤོས་ཀྱི་ནད་པ་ངའི་སར་ཁྲིད་ཤོག”ཅེས་པའི་སྐད་ཆ་ཚིག་དུམ་འདི་ལས་མི་རྣམས་ལ་སེམས་འགུལ་ཐེབས་པ་དང“དམིགས་བསལ་གློ་ཚད་ལ་སྐྲག་དགོས་དོན་མེད། སྔོན་འགོག་ཐུབ་ལ་བཅོས་ཀྱང་ཐུབ”ཅེས་པའི་སྐད་ཆ་ལས་སྐབས་དེ་དུས་འཇིགས་སྣང་ཁྲོད་གནས་པའི་མི་རྣམས་ལ་སེམས་རྣལ་རིལ་བུ་ཞིག་སྦྱིན་པ་ལྟ་བུའི་ཚོར་སྣང་བྱུང་ཡོད།

    དམིགས་བསལ་གློ་ཚད་ལས་རྣམ་པར་རྒྱལ་རྗེས། ཀྲུང་ནན་ཧྲན་གྱིས་མུ་མཐུད་ནས་དབུགས་ལམ་མ་ལག་གི་ནད་གཞིའི་ཁྱབ་ཁོངས་ཞིབ་འཇུག་ལ་གཞོལ་ཞིང་། ཁོང་གིས་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་མགྲིན་ཚབ་པའི་འགན་རང་འགུལ་ངང་འཁུར་ནས་སྤྱི་དམངས་ལ་འཕྲོད་བསྟེན་ཤེས་བྱ་ཁྱབ་གདལ་གཏོང་བ་དང་སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྡོམ་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་H1N1ཆམ་རིམས་ཀ་པ་དང་བྱ་རིགས་ཆམ་རིམས་H7N9སོགས་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏོད་བཅག་ནས་རྒྱལ་ཁ་ལེན་རྒྱུར་རམ་འདེགས་གནང་ཡོད།

    2020ལོར། ཀྲུང་ནན་ཧྲན་གྱིས་ཉེན་ཁ་འཕྲད་པའི་དུས་སུ་སླར་ཡང་ལས་འགན་དང་དུ་བླངས་ཏེ་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་ས་དང་པོར་ཕེབས་ནས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་རིམ་པ་མཐོ་བའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཙུའུ་ཀྲང་གི་འགན་བཞེས། ཁོང་གིས“མི་ནས་མི་ལ་འགོ་བའི”སྣང་ཚུལ་ཡོད་པས་སྔོན་འགོག་དང་ཚོད་འཛིན་ནན་པོ་བྱེད་དགོས་ལུགས་བཏོན་གནང་བ་མ་ཟད། ཏོག་གསར་གློ་ཚད་ཀྱི་སྨན་བཅོས་ཇུས་གཞི་བཟོ་རྒྱུའི་འགོ་ཁྲིད་དེ་ནད་ཡམས་སྔོན་འགོག་ཚོད་འཛིན་དང་། ཚབས་ལྕིའི་ནད་གཞི་སྐྱོབ་བཅོས། ཚན་ཞིབ་འགག་སྒྲོལ་སོགས་ལ་སྐུལ་འདེད་བཏང་ཡོད། ཁོང་གིས་ཚོགས་པའི་སྣེ་ཁྲིད་དེ་ཏོག་གསར་གློ་ཚད་ཀྱི་འབྲེལ་ཡོད་རྨང་གཞིའི་ཞིབ་འཇུག་ཧུར་ཐག་གནང་བ་དང་། ནད་དུག་འབྱུང་གཞི་ཞིབ་འཇུག་གནང་སྟེ་ནད་ཐོག་གི་མ་དཔེ་དང་སྐྱག་གཅིན་ཁྲོད་ནས་དུག་སྲིན་གསོན་པོ་ལེགས་གྲུབ་ལྡན་པའི་ངང་དབྱེ་ཕྲལ་ཐུབ་པ། རྒྱལ་ཡོངས་སུ་ཏོག་གསར་གྱི་ནད་ཐོག་ཁྱད་ཆོས་ཞིབ་འཇུག་ཐོག་མ་གནང་བ་མ་ཟད། སྨན་བཅོས་ཐོན་ཁུངས་འདང་ངེས་ཡོད་མེད་དང་མཉམ་འབྱུང་ནད་རིགས་དང་ཏོག་གསར་ནད་པའི་ནད་ཐོག་རྗེས་འབྲས་སྔོན་དཔག་གི་འབྲེལ་ལྡན་རང་བཞིན་གསལ་སྟོན་གནང་སྟེ་ནད་ཐོག་ཏུ་ཏོག་གསར་གློ་ཚད་ལ་ངོས་འཛིན་ཡང་དག་དང་ཚན་རིག་དང་མཐུན་པའི་ངང་སྨན་བཅོས་བྱ་རྒྱུར་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    ཀྲུང་ནན་ཧྲན་ལ“རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པ”དང་། “སྒྱུར་བཅོས་ཀྱི་གདོང་ལེན་པ”“འབད་འཐབ་པ་ཡག་ཤོས”“རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་ལ། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་རིམ་པ་དང་པོ་དང་། པའེ་ཆིའུ་ཨེན་གྱི་བྱ་དགའི་གཟེངས་རྟགས་ཀྱང་ཐོབ་ཡོད། 2009ལོར“ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཀྲུང་གོར་སེམས་འགུལ་ཐེབས་པའི་མི་སྣ་100”ཡི་གྲས་སུ་བདམས་པ་དང་། 2020ལོར“སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”རག་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།