དབུ་ཤོག>ཆེད་སྒྲིག
  • འབད་བརྩོན་ཆེན་པོས་གྲོང་གསེབ་ཀྱི་རྣམ་པ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-23

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག“དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་རྗེས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། འདི་ནི‘ཞིང་གསུམ’ལས་དོན་གྱི་གཙོ་གནད་དེ་ལོ་རྒྱུས་རང་བཞིན་གྱི་གཞན་སྒྱུར་བྱེད་པ་ཞིག་རེད”ཅེས་ནན་བཤད་གནང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པ”སྐྱོན་བྲལ་ངང་ལེགས་གྲུབ་བྱུང་བ་དང་བསྟུན་ནས་མིག་སྔའི“ཞིང་གསུམ”ལས་དོན་གྱི་གཙོ་གནད་དེ་གཅིག་སྡུད་དབུལ་སྒྲོལ་འགག་སྒྲོལ་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བར་ལོ་རྒྱུས་རང་བཞིན་གྱིས་ཕྱོགས་སྒྱུར་བྱས་ཡོད། ལྷ་ས་གྲོང་ཁྱེར་གྱིས“ཐོན་ལས་དར་རྒྱས་ཆེ་བ་དང་། སྐྱེ་ཁམས་འཚོ་སྡོད་རུང་བ། ཡུལ་སྲོལ་ཡ་རབས་ལྡན་པ། བཅོས་སྐྱོང་ཕན་སྨིན་ཆེ་བ”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིཌ་ཏེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་ཆེན་དགོངས་དོན་མུ་མཐུད་དར་སྤེལ། བབ་བསྟུན་འཕྲལ་སྒྲུབ་དང་གསར་འབྱེད་འབད་འབུངས་བཅས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་ལེའུ་གསར་པ་མུ་མཐུད་བརྩམས་ཡོད།

    དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ།

    ལྷ་ས་གྲོང་ཁྱེར་གྱི་མི་གྲངས་44162དབུལ་སྒྲོལ་ཐུབ་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཡིག་ཚཌ་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་སྒུལ་རྣམ་གཙང་སེལ་བྱས་ཏེ་ལོ་རྒྱུས་རང་བཞིན་ཐོག་ནས་དབུལ་པོ་དབུལ་ནག་གཙང་སེལ་བྱས་ཡོད། 2020ལོ་བར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་13741ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་15.07%འཕར་ཡོད།

    འཚོ་བ་འགན་ལེན་ཐད་མང་ཚོགས་དབུལ་པོའི་འཐུང་ཆུའི་དཀའ་གནད་དང་། སློབ་ཞུགས་དཀའ་གནད། སྨན་བཅོས་འགན་ལེན་དཀའ་གནད། སྡོད་ཁང་བདེ་འཇགས་དཀའ་གནད་བཅས་ཐག་གཅོད་གནད་སྨིན་བྱས་ཡོད། ཐོན་ལས་དབུལ་སྐྱོར་ཐད་2020ལོར་ལག་བསྟར་བྱེད་རྒྱུའི་ཐོན་ལས་རྣམ་གྲངས་82ཚང་མ་ལས་འགོ་ཚུགས་ཡོད། གྲོང་ཁྱེར་ཡོངས་ཀྱི་སྣེ་འདྲེན་ཁེ་ལས་17གྱིས་ཐོན་ལས་དབུལ་སྐྱོར་ནང་ཞུགས་ཏེ་དུད་ཚང་3291གི་མི་འབོར་དབུལ་པོ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་ཐད་གྲོང་ཁྱེར་ཡོངས་ཀྱིས་བཀོད་སྒྲིག་བྱ་ཡུལ་32བསྐྲུན་པ་དང་མང་ཚོགས་22979གནས་སྤོ་གནས་སྡོད་བྱས་ཡོད།

    དབུལ་སྒྲོལ་འགག་སྒྲོལ་ནི་གྲོང་གསེབ་དར་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་གཙོ་བོ་དང་སྔོན་བསྟར་ལས་འགན་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་གཏོང་རྒྱ་སྐྱེད་མེད་ན། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་རྨང་གཞི་ཐོབ་མི་སྲིད། ལྷ་ས་གྲོང་ཁྱེར་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་བསྐྱལ་ཏེ་དབུལ་སྒྲོལ་འགག་སྒྲོལ་ནས་གྲོང་གསེབ་དར་རྒྱས་བར་བརྟན་པོ་དང་གོ་རིམ་ལྡན་པའི་ངང་ཕྱོགས་སྒྱུར་བྱས་ཡོད།

    ཤེས་ལྡན་མི་སྣ་དར་རྒྱས་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་བ།

    གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་དར་རྒྱས་གཏོང་བ་ནི་གྲོང་གསེབ་དར་རྒྱས་མངོན་འགྱུར་བྱེད་པའི་འགག་རྩ་རེད། ཡུན་རིང་ནང་། རྨང་གཞི་ཞན་པའི་དབང་གིས་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་གང་ལེགས་མེད་པ་དང་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་དོ་སྙོམས་མེད་པ་དང་མཐུན་སྦྱོར་མེད་པའི་འགལ་ཟླ་ཉིན་བཞིན་མངོན་གསལ་དོད་དུ་སོང་ནས་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་དར་རྒྱས་ལ་ཐག་གཅོད་བྱེད་དགོས་པའི་གནད་དོན་མང་པོ་ཞིག་འཕྲད་ཡོད།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས“1+3”དཔུང་ཁག་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཞིང་འབྲོག་ཁུལ་གྱི་ཤེས་ལྡན་མི་སྣ་སྣ་ཚོགས་བསྡུ་ལེན་དང་སྐོང་འཐེན་ཤུགས་ཆེན་བྱེད་པ། མཐོ་སློབ་སློབ་ཐོན་སློབ་མ་འདེམས་སྒྲུག་བྱས་ནས་གཞི་རིམ་དུ་ཞིང་སྐྱོར་དང་། སློབ་སྐྱོར། སྨན་སྐྱོར། དབུལ་སྐྱོར་བཅས་བྱེད་པའི་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་གཏོང་བ། རིགས་ཁག་གི་ཤེས་ལྡན་མི་སྣ་ཞིང་འབྲོག་ཁུལ་དུ་ལས་དོན་བསྒྲུབ་རྒྱུར་སྐུལ་མ་དང་ཁྲིད་སྟོན་ཧུར་ཐག་བྱེད་པ་བཅས་ཀྱི་ཐོག་ནས་ཞིང་འབྲོག་ཁུལ་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་བཏང་ཡོད། གྲོང་ཁྱེར་ཡོངས་ཀྱིས་རང་ས་རང་ཡུལ་གྱི་ཚན་རྩལ་ཤེས་ལྡན་མི་སྣ་སྐྱེད་སྲིང་ཤུགས་ཆེན་བྱས་ཤིང་། “གོ་ཆོད་རྩལ་ནུས་པ་སྐྱེད་སྲིང་འདུ་འགོད”ལག་བསྟར་བྱས་ནས་རང་ས་རང་ཡུལ་གྱི་གོ་ཆོད་རྩལ་ནུས་པ་སྐྱེད་སྲིང་ལས་དོན་གནད་འཁེལ་ངང་སྤེལ་ཡོད།

    མཛེས་སྡུག་ལྡན་ཞིང་སྡོད་མལ་ལ་འཚམ་པའི་གྲོང་གསེབ་མུ་མཐུད་བཏོད་པ།

    ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོར་སླེབས་སྐབས་དང་ཐོག་མིག་ལམ་དུ་འཆར་བ་ནི་སྟར་སྒྲིག་སྡོད་ཁང་དང་གཙང་སྦྲ་དོད་པའི་ཁོར་ཡུག་ཡིན་ཞིང་། མཚར་སྡུག་ཉི་འོད་འོག་ལྗང་གྲོང་ཚོ་ལྷག་པར་མཛེས།

    ལྗང་གྲོང་ཚོའི་ཧྲུའུ་ཅི་དང་པོ་པ་སངས་ཚེ་རིང་གིས་2019ལོའི་ཟླ་8པ་ནས་བཟུང་ལྗང་གྲོང་ཚོས“གསང་སྤྱོད་གསར་བརྗེ”བྱས་པ་དང་2020ལོའི་ཟླ་8པར་སླེབས་སྐབས་གྲོང་ཚོའི་གསང་སྤྱོད་ཚང་མ་སྒྱུར་བཀོད་བྱས་ཟིན་ཡོད། གཞན་ཡང་། འཚོ་བའི་ཆུ་སྙིགས་དྭངས་གསིང་བྱ་ཆེད། ལྗང་གྲོང་ཚོས་ཆུ་སྙིགས་དྭངས་གསིང་བཟོ་གྲྭ་བསྐྲུན་པ་དང་དེ་ནས་ཉིན་ལྟར་འཚོ་བའི་ཆུ་སྙིགས་ཏུན་130ཙམ་དྭངས་གསིང་བྱེད་ཐུབ་ཀྱི་ཡོད་པ་རེད།

    དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་སྦྲེལ་མཐུད་ནུས་ལྡན་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་རིམ་པའི་རིགས་གཅིག་མཁས་ཅན་གྱི་དཔྱད་མོལ་ཚོགས་འདུ་ཐེངས་18འཚོགས་ནས་གྲོང་ཚོ་44ལ་ཞིབ་བཤེར་བྱས་པ་དང་ཚོད་ལྟའི་ངང་སྐུལ་འདེད་བཏང་ཡོད། མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་དང་། བཀྲ་ཤིས་སྒང་ཤང་། རྩ་ཞོལ་ཤང་བཅས་ཤང་3གྱི་རང་བྱུང་གྲོང་ཚོ་7འཛུགས་སྐྲུན་བྱས་པ་དང་མང་ཚོགས་དུད་ཚང་296གི་མི་གྲངས་1639ལ་ཕན་པ་ཐོབ་ཡོད། མིག་སྔའི་བར་སྡོད་ཁང་གསར་སྐྲུན་དང་། ཁོར་ཡུག་ལེགས་གཏོང་། མི་སྡོད་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་ལས་གྲྭ་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ་དང་མང་ཚོགས་མང་ཆེ་བ་གནས་སྡོད་བྱས་ཟིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།