དབུ་ཤོག>ཆེད་སྒྲིག
  • སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར། འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-23

    814752_yis_1626969600000_s.jpg

    འདི་ནི་ཤིས་ཕུའུ་ཞིང་ལས་ཀྱི་འབྲེལ་ཡོད་འགན་འཁུར་བས་གྲ་ནང་རྫོང་གི་དབུལ་སྐྱོར་ཐེབས་རྩར་སྒོར་ཁྲི་500ཞལ་འདེབས་བརྒྱབ་པ།

    ཤིས་ཕུའུ་ཞིང་ལས་གསར་སྤེལ་འཛུགས་སྐྲུན་བྱས་ཚུན། “མཉམ་འདྲེས་གསུམ”ཤུགས་རྒྱག་སར་བྱས་ཏེ“རམ་འདེགས་གསུམ”དང“རྒྱུས་མངའ་གསུམ”མཐའ་འཁྱོངས་ཀྱིས་མི་རིགས་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ནང་ཕྱོགས་ཡོངས་ནས་མཉམ་འདྲེས་ཐུབ་པར་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཤེས་དཔལ་དང་། ཞི་མཐུན། སྐྱེ་ཁམས། བདེ་ཐང་བཅས་ཀྱི་ཁེ་ལས་ཀྱི་གཟུགས་བརྙན་གཏོད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁེ་ལས་གཏོད་རྒྱུར་ཤུགས་སྣོན་རྒྱག་པ། བཅའ་སྡོད་བྱ་ཡུལ་གྱི་སྐྱེ་ཁམས་འཛུགས་སྐྱོང་དང་། དཔལ་འབྱོར་འཛུགས་སྐྲུན། རིག་གནས་འཛུགས་སྐྱོང་བཅས་ལ་མུ་མཐུད་རོགས་རམ་བྱེད་པ། མ་དངུལ་དང་ལག་རྩལ་གྱི་རྒྱབ་སྐྱོར་བཅས་བྱས་ནས་ཁེ་ལས་ཞི་མཐུན་དང་སྐྱོན་བྲལ་ངང་མུ་མཐུད་འཕེལ་རྒྱས་ཐུབ་པའི་འགན་ལེན་བྱས་ཡོད།

    ངེས་གནས་འཚོལ་མཁས་པོ་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    ཁེ་ལས་ཤིག་འཕེལ་རྒྱས་གཏོང་དགོས་ཚེ་ཏང་དང་སྲིད་གཞུང་གི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། ཤིས་ཕུའུ་ཞིང་ལས་ཀྱིས་ས་གནས་ཀྱི་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། རང་འགུལ་ངང་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ཀྱི་སྲིད་གཞུང་དང་འབྲེལ་མཐུད་དང་། ས་གནས་ཀྱི་དཔལ་འབྱོར་དང་མཉམ་འདྲེས། ས་གནས་ཀྱི་སྲིད་ཇུས་སོགས་ཐོན་ཁུངས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བཅས་བྱས་ནས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་རོགས་རམ་བྱས་ཡོད། དེ་དང་ཆབས་ཅིག ཁེ་ལས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བྱ་ཐབས་ནུས་ལྡན་སྤྱད་ནས་མི་རིགས་མཐུན་སྒྲིལ་འཛུགས་གཏོད་བྱེད་སྒོ་དེ་ཁེ་ལས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ནང་བཅུག་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྣམ་པ་གསར་གཏོད་དང་། གཞི་རྟེན་གསར་གཏོད། བྱ་ཐབས་གསར་གཏོད་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁེ་ལས་དང་དཔེ་བཟང་པན་དང་ཚོགས་ཆུང་འཛུགས་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། དཔེ་བཟང་ཁེ་ལས་ཀྱི་སྟབས་བསྟུན་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། དོ་དམ་སྒྲིག་སྲོལ་དང་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། དཔེ་བཟང་ཁེ་ལས་ཀྱི་ཡིག་ཚགས་ལམ་ལུགས་དང་གྲངས་གཞིའི་མཛོད་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་འཛུགས་གཏོད་བྱེད་སྒོ་དེ་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་རོགས་རམ་བྱ་རྒྱུ་དང་ཟུང་འབྲེལ་དང་། མི་རིགས་ཁག་གི་ལས་བཟོའི་བདེ་རྩར་ཐུག་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་དང་ཟུང་འབྲེལ། ཁེ་ལས་ཡག་པོ་གཉེར་བའི་དོན་དངོས་དང་ཟུང་འབྲེལ་བཅས་བྱས་ཏེ་འཛུགས་གཏོད་བྱེད་སྒོའི་ཕན་འབྲས་དངོས་ཆེ་རུ་ཏན་ཏིག་བཏང་ཡོད།

    ཐབས་མང་མཉམ་སྤྱོད་ཀྱིས་ཕྱུག་འགྱུར་ལ་སྣེ་ཁྲིད་བྱས་པ།

    ཤིས་ཕུའུ་ཞིང་ལས་ཀྱི་ལས་མི་ཡོངས་ཀྱིས“ཁྱིམ་ཚང་གཅིག་ཕྱུག་པོ་ཆགས་ན་ཕྱུག་པོར་མི་བརྩི་བར་ཚང་མ་ཕྱུག་པོ་ཆགས་ན་གཞི་ནས་ཕྱུག་པོར་བརྩི་བའི”ཁེ་ལས་ཀྱི་དམིགས་ཡུལ་ལ་དམིགས་ཏེ། 2017ལོ་ནས་བཟུང་ཤིས་ཕུའུ་ཞིང་ལས་ཀྱིས་དཀའ་ངལ་ཡོད་པའི་དུད་ཚང་ལ་ཡུན་རིང་ལས་ཞུགས་ཀྱི་ལས་གནས་150དང་ལས་མི་400ལ་དུས་ཐུང་ལས་ཞུགས་ཀྱི་ལས་གནས་མཁོ་འདོན་བྱས་ཡོད། མི་2000ལ་ཕན་པ་ཐོབ་པར་སྣེ་ཁྲིད་བྱས་པ་དང་རིམ་རྩིས་བྱས་ན་འབབ་འཕར་སྒོར་ཁྲི་1800བྱུང་ཡོད། ས་གནས་དེ་གའི་ལོ་འདི་གའི་སློབ་ཐོན་སློབ་གྲྭ་ཆེ་མོ་བ་8གདན་ཞུ་བྱས་པ་དང་འབྲེལ་ཞིང་ལས་ལག་རྩལ་གསོ་སྦྱོང་འཛིན་གྲྭ་གཉེར་ནས་ས་གནས་དེ་གའི་ལས་མི་མང་ཚོགས་ལ་ཞིང་ལས་ལག་རྩལ་གྱི་ཤེས་བྱ་སློབ་ཁྲིད་བྱས་ཏེ་ཁོང་ཚོ་ལས་ཞུགས་ཐུབ་པར་རོགས་རམ་བྱས་ཡོད། ཉེ་བའི་ལོ་ཤས་རིང་། ཤིས་ཕུའུ་ཞིང་ལས་གྲ་ནང་དུ་རྩ་བ་ཚུགས་ནས་རྟེན་གཞིའི་འཛུགས་སྐྲུན་རྣམ་གྲངས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་ཧུར་ཐག་བཏང་བ་མ་ཟད། གྲ་ནང་རྫོང་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་སུ་གྲ་ནང་ལ་དབུལ་སྐྱོར་ཐེབས་རྩ་སྒོར་ཁྲི་500ཞལ་འདེབས་བརྒྱབ་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ་དང་འབྲེལ། ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ཏན་ཏིག་ཁུར་་ཏེ་ཁེ་ལས་ཀྱིས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བའི་མིག་དཔེ་བཏོད་ཡོད། དེ་དང་ཆབས་ཅིག་ཁེ་ལས་ཀྱིས་མང་ཚོགས་ཚོས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱེད་པར་ཁྲིད་སྟོན་གྱིས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུར་ཁྲིད་སྟོན་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་བཏང་བས། མང་ཚོགས་ཀྱི་དངུལ་ཁུག་ལྗིད་ཏིག་ཏིག་ཆཌ་པ་དང་མང་ཚོཌ་ཀྱི་བསམ་བློར་ཡང་འགྱུར་ལྡོག་བྱུང་ཡོད།

    གོང་འོག་ཚང་མས་སེམས་ནུས་གཅིག་ཏུ་བསྒྲིལ་བ།

    ཤིས་ཕུའུ་ཞིང་ལས་ཀྱིས་མི་རྩ་བར་འཛིན་པའི་བསམ་བློ་བརྟན་པོར་བཙུགས་ཏེ། བློ་གཅིག་སེམས་གཅིག་ངང་ལས་བཟོ་མང་ཚོགས་ལ་བརྟེན་ནས་ཁེ་ལས་གཉེར་བའི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་ལས་བཟོ་འཕེལ་རྒྱས་ཀྱི་སྟེགས་བུ་སྐྲུན་པ་དང་། ལས་བཟོ་འཕེལ་རྒྱས་ཀྱི་གོ་སྐབས་མཁོ་འདོན། མི་ཤུགས་ཐོན་ཁུངས་གསར་སྤེལ། ལས་བཟོའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན། ལས་བཟོའི་བདག་པོའི་འདུ་ཤེས་དང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་བཅས་བྱས་ཡོད།

    དེ་དང་ཆབས་ཅིག་ཤིས་ཕུའུ་ཞིང་ལས་ཀྱིསལས་བཟོ་ཡོངས་ཀྱི་ཁྲོད་དུ་མི་རིགས་ཀྱི་གཞི་རྩའི་ཤེས་བྱ་དང་། མི་རིགས་ཀྱི་རིགས་པའི་གཞུང་ལུགས། མི་རིགས་ཀྱི་སྲིད་ཇུས། མི་རིགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཕན་པའི་ཁེ་ལས་ཀྱི་རིག་གནས་ཆགས་པར་བྱས་པ་དང་། ཁེ་ལས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་བ། གཞི་རྟེན་ཟམ་མི་ཆད་པར་གསར་གཏོད་བཅས་བྱས་ནས་ས་གནས་དེ་གའི་ལས་གཉེར་མི་སྣ་དང་ཁེ་ལས་ཀྱི་ལས་བཟོ་ཚོར་ཕན་ཚུན་ཤེས་རྟོགས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་བསྟུན་མཁས། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བཅས་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱས་ཏེ་སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་གི་རྣམ་པ་བཟང་པོ་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།