དབུ་ཤོག>ཆེད་སྒྲིག
  • ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་གི“སྒྲོག་འགྲེལ་པ་བརྒྱ”ཡིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-23

    ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད། ཉེ་ཆར་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་གི་མང་ཚོགས་ཀྱི་སྒྲོག་འགྲེལ་པ་དང་། སློབ་གྲྭའི་དགེ་སློབ། ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་བཅས་ལས་གྲུབ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“སྒྲོག་འགྲེལ་པ་བརྒྱ”ཡི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སློབ་གྲྭ་དང་། འབྲོག་ར། མང་ཚོགས་འདུ་འཛོམས་ཁུལ་སོགས་སུ་བསྐྱོད་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་སྒྲོག་འགྲེལ་པས་གོ་བདེ་ཤེས་སླའི་སྐད་ཆ་དང་དོན་དངོས་གནས་ཚུལ་དྲངས་ཏེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་འཛུགས་སྲོལ་ཡིག》དང“ཁ་འབྲལ་ཐབས་མེད་པ་གསུམ”དང་། “མི་བརྗེད་པ་གསུམ” “སྲུང་སྐྱོང་ལྔ” “མོས་སེམས་ལྔ” “ཕན་ཚུན་དྲུག”སོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་རྟོགས་དགོས་པ་དང་ཤེས་དགོས་པའི་ཤེས་བྱ་ཁྱབ་གདལ་བཏང་བ་རེད། དེ་དང་ཆབས་ཅིག་སྒྲོག་འགྲེལ་པས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་ཚུན། བོད་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དང་། ཏང་གི་དམངས་ཕན་སྲིད་ཇུས་ལས་བོད་ཀྱི་མི་དམངས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་གལ་ཆེའི་རང་བཞིན་སོགས་ཀྱི་ནང་དོན་སྒྲོག་འགྲེལ་ཤུགས་ཆེན་བྱས་པ་དང་། རྒྱ་ཆེའི་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུའི་ཁྲིད་སྟོན་བྱས་པ་མ་ཟད། ད་དུང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་དགོས་པའི་སློབ་གསོ་ཡང་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།