སྲིད་ཇུས་བཟང་པོའི་འོད་ཟེར་ཁྲ་ཆེམ་ཆེམ། འབྱོར་འབྲིང་ལམ་གྱི་གོམ་སྒྲ་སྙན་ལྷང་ལྷང་།
གྲལ་སྟར་འགྲིག་པའི་སྲང་འཐག་གྲོང་ཚོའི་ཡུལ་མིའི་སྡོད་ཁང་།
འདི་ནི་སྨིན་ཟིན་པའི་སེ་འབྲུའི་འབྲས་བུ་ཡིན་པ།
འདི་ནི་སེ་འབྲུའི་ར་བ་ཡིན་པ།
དབྱར་ཟླ་དྲུག་པར་རྒྱལ་མོ་རྔུལ་ཆུའི་ངོགས་ཀྱི་གནམ་གཤིས་ཚ་དྲོད་ཆེ་ལ། ཆུ་བོའི་གཞོགས་གཉིས་ཀྱི་རྩེ་མོ་དགུང་ལ་སྙེཌ་འདྲའི་རི་བོའི་ཚོཌ་རྣམས་སྔོ་ལྗང་ལྗོན་པའི་ཚལ་གྱིས་ཡོངས་སུ་བཏུམས་ཤིང་། ཆུ་འཛིན་དཀར་པོའི་ཅོད་པན་གྱིས་བརྒྱན་པས། རྒྱང་རིང་ནས་ལྟ་སྐབས། མཛེས་སྡུག་ལྟ་བས་མི་ངོམ་པ་ཞིག་ཏུ་སྣང་། གསར་འགོད་པ་གནས་དེར་འབྱོར་སྐབས། གནས་འདིའི་མང་ཚོཌ་རྣམས་སེ་འབྲུའི་ལྡུམ་རའི་ནང་དུ་རྩྭ་ངན་འཐུ་བ་དང་ཆུ་གཏོང་བ་སོཌ་ཀྱི་ལས་ལ་བྲེལ་བཞིན་འདུག མང་ཚོཌ་ཚོའི་ངོ་གདོང་ལས་འཕྱུར་བའི་བཅོས་མིན་གྱི་འཛུམ་མདངས་ལས། དུས་རབས་གསར་པའི་བདེ་སྐྱིད་དང་ལྡན་པའི་འཚོ་བའི་མངར་ཁ་མངོན་གྱི་འདུག་ལ། ཉིན་དགུང་གི་ཚ་གདུག་ལ་མ་འཛེམས་པར་ལས་ལ་བྲེལ་བའི་ཚ་ཚ་འུར་འུར་གྱི་རྣམ་པ་ལས། མང་ཚོཌ་ཚོས་ད་ལོ་སེ་འབྲུའི་ཡོང་འབབ་ཡག་པོ་ཡོང་བའི་རེ་བ་ཆེན་པོ་བྱེད་པ་དང་། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་འཚོ་བ་དེ་བས་ཕུན་སུམ་ཚོཌ་སུ་གཏོང་བའི་འདུན་པའང་ཤུཌ་ཀྱིས་མངོན་འོངས།
ཚ་བ་རོང་ཤང་སྲང་འཐག་གྲོང་ཚོ་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གི་ཤར་ངོས་སུ་གནས་པ་དང་། ཡུན་ནན་ཞིང་ཆེན་ཀུང་ཧྲན་རྫོང་པིང་ཀྲུང་ལོ་གྲོང་རྡལ་དང་ས་སྦྲེལ་རེད། གྲོང་ཚོ་དེ་རི་མཐོ་གཡང་གཟར་ཁྲོད་དུ་གནས་ཤིང་། ས་བབ་མཐོ་ཚད་སྨི་1800ཙམ་ལས་མེད་པས་ཚ་ཁུལ་གནམ་གཤིས་ཀྱི་ཁྱད་ཆོས་ལྡན་ཡོད། ཇ་རྟའི་གནའ་ལམ་དང་ཡུན་བོད་ལམ་བུའི་ཡུན་ནན་ཞིང་ཆེན་ནས་རྒྱལ་མོ་རྔུལ་ཆུ་བརྒྱུད་བོད་དུ་སྐྱོད་པའི་གྲོང་ཚོ་དང་པོ་དེ་ཡིན་པས། བོད་ཤར་ལྷོའི་གྲོང་ཚོ་དང་པོ་རེད་ཅེས་བརྗོད་ན་མི་འཚམ་པ་གང་ཡང་མེད།
སྲང་འཐག་གྲོང་ཚོ་ནི་གཙོ་བོ་ནུའུ་རིགས་འདུས་སྡོད་ཁུལ་ཞིག་ཡིན་པ་དང་། གྲོང་ཚོ་ཧྲིལ་པོར་རང་བྱུང་ཚོགས་པ་གཅིག་ལས་མེད་ཅིང་། དུད་ཚང་30དང་ཁྱོན་མི་གྲངས་146ཡོད་པའི་ནང་ངལ་ནུས་ཡོད་པའི་མི་83དང་། གུང་ཁྲན་ཏང་ཡོན་23ཡོད། ཡུལ་དེའི་མང་ཚོགས་ཚོས་གྲོང་ཚོའི་ས་བབ་དམའ་བའི་ལེགས་ཆ་དང་བསྟུན་ནས་གཙོ་བོ་ནས་དང་། དགུན་གྲོ ཨ་ཤོམ་སོགས་འདེབས་ཀྱི་ཡོད། གྲོང་ཚོར་སྟར་ཀ་དང་། སེ་འབྲུ། བུར་ཤིང་སོགས་འབྲས་ལྡན་ཤིང་རིགས་འཛོམས་པ་མ་ཟད། ད་དུང་སྨན་རྩྭའི་རིགས་དབྱར་རྩྭ་དགུན་འབུ་དང་། སྲོ་ལོ་དམར་པོ། མོག་རོ། ཀོ་ཤ་སོགས་ནགས་ཁྲོད་ཐོན་ཁུངས་ཀྱང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད།
དབུལ་སྒྲོལ་སྲིད་ཇུས་ལག་ལེན་བསྟར། མང་ཚོགས་ཕྱུག་འགྱུར་ལམ་དུ་བསྐྱོད།
སྲང་འཐག་གྲོང་ཚོས་རང་ལྗོངས་ཀྱི་གྲོང་ཚོ་གཞན་དང་འདྲ་བར་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། གྲོང་མི་ཚང་མ་མཉམ་དུ་ཕྱུག་འགྱུར་ལམ་དུ་སྐྱོད་པའི་ཆོད་སེམས་བརྟན་པོ་བཅངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་འབྲེལ་ཡོད་སྲིད་ཇུས་ལ་དམ་འཛིན་ཡག་པོ་བྱས་ཏེ། གྲོང་ཚོ་དེ་གའི་དུད་ཚང་10ཡི་མི་གྲངས་51ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་པ་དང་། སྣོད་བཅུད་ཀྱི་ཁ་གསབ་སྲིད་ཇུས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱས་ཏེ། དབུལ་པོའི་དུད་ཚང་གི་ཡོང་འབབ་ལོ་རེ་བཞིན་ལེགས་སུ་ཕྱིན་པ་དང་། འཚོ་བའི་ཆ་རྐྱེན་ཡང་རིམ་བཞིན་གྲ་རྒྱས་སུ་ཕྱིན་ནས་དུས་ཐོག་ཏུ་དབུལ་སྒྲོལ་ཐུབ་ཡོད་པ་དང་། 2020ལོར་གྲོང་ཚོ་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་13469ཟིན་ཡོད་པ་རེད།
ལོ་མང་རིང་སྲང་འཐག་གྲོང་ཚོའི་རྒྱ་ཆེའི་ཏང་ཡོན་ཚོས་རང་ངོས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ་མང་ཚོགས་ལ་འབྲེལ་ཡོད་སྲིད་ཇུས་དང་ཁྲོམ་རའི་ཆ་འཕྲིན་སོགས་དྲིལ་བསྒྲགས་ཧུར་ཐག་བྱས་པ་དང་། རྒྱུན་གཏན་འཚོ་བའི་ཁྲོད་མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ཏེ། བདེན་པ་བདེན་ཐུབ་ཀྱི་སྒོ་ནས་མང་ཚོགས་ལ་ཕན་པའི་ལས་དོན་དངོས་བསྒྲུབས་པར་བརྟེན། མང་ཚོགས་ཚོས་བསྔགས་བརྗོད་ཀྱི་མེ་ཏོག་སྟོར་བཞིན་ཡོད་པ་རེད།
“ཏང་གི་དམངས་ཕན་སྲིད་ཇུས་བཟང་པོའི་འོག ང་ཚོ་དཀར་ཆ་དོད་ལ་གུ་ཡངས་ཤིང་། ཆ་རྐྱེན་འཛོམས་ལ་སྐྱིད་སྣང་དོད་པའི་ཁང་པ་གསར་པར་སྤོས་པ་མ་ཟད། འཚོ་བ་ཡང་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་འདུག རང་ཉིད་གུང་ཁྲན་ཏང་ཡོན་ཞིག་གི་ངོས་ནས་མང་ཚོགས་ཚོའི་སྣེ་ཁྲིད་དེ་འབྲེལ་ཡོད་ཀྱི་སྲིད་ཇུས་དང་དགོངས་དོན་གལ་ཆེན་སློབ་སྦྱོང་ནན་ཏན་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་བཅངས་ནས་ཏང་གི་བཀའ་དྲིན་ལ་དྲིན་ཚོར་གྱི་བསམ་པ་འཆང་བཞིན་ཡོད”ཅེས་སྲང་འཐག་གྲོང་ཚོའི་ཏང་ཡོན་དགྲ་འདུལ་གྱིས་བརྗོད།
“སྔོན་ཆད་གྲོང་ཚོའི་འགྲིམ་འགྲུལ་ཆ་རྐྱེན་ཡག་པོ་མེད་པས་ཡུལ་སྐོར་བ་དང་ཕར་འགྲོ་ཚུར་འོང་བྱེད་མཁན་མང་པོ་མེད་ཅིང་། ཐོན་ཁུངས་ཅུང་ཕུན་སུམ་ཚོགས་རུང་། མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་དམན་པ་དང་ལྟ་རྒྱ་ཐོས་རྒྱ་ཆུང་བས། སྤྱིར་ན་མང་ཚོགས་ཀྱི་འཚོ་བ་དེ་ཙམ་ཡག་པོ་མེད། ད་ཆ་ཏང་གི་སྲིད་ཇུས་བཟང་པོའི་འོག་འདི་རྒྱུད་ཀྱི་འགྲིམ་འགྲུལ་ཆ་རྐྱེན་སྔར་བས་ཡག་ཏུ་ཕྱིན་པ་མ་ཟད། ཤང་ཏང་ཨུད་དང་། སྲིད་གཞུང་། དེ་བཞིན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་སོགས་ཀྱིས་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་དང་། ཕྱུག་འགྱུར་ཐབས་ལམ་འཚོལ་རོགས་སོགས་བྱས་པ་བརྒྱུད། གྲོང་ཚོའི་མང་ཚོགས་ཀྱི་བསམ་བློར་རིམ་བཞིན་འགྱུར་ལྡོག་བྱུང་སྟེ། ཚང་མས་ཐོན་ཁུངས་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བཏང་བས། དངུལ་སྨར་གྱི་ཡོང་འབབ་མངོན་གསལ་དོད་པོས་འཕར་ནས་འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་སོང”ཞེས་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་དྲན་ནག་གིས་བཤད། སྲང་འཐག་གྲོང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་རིང་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་བ་གཅིག་པུ་མ་ཡིན་པར་དབུལ་སྒྲོལ་མཐར་ཕྱིན་པ་བྱེད་དགོས་ན་རིག་སྐྱོར་དང་བློ་སྐྱོར་ལ་བརྟེན་དགོས་པའི་རྩ་དོན་ལ་དམ་པོར་གཞིགས་ཏེ། བུ་ཕྲུག་སློབ་གྲྭར་བཏང་ནས་སློབ་གསོ་དང་ལེན་བྱེད་དུ་འཇུག་རྒྱུ་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་སྔ་ཕྱི་བར་གསུམ་དུ་དམ་འཛིན་བྱས་པས། ད་ཆ་སྲང་འཐག་གྲོང་ཚོར་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་46ཡོད་པ་དང་། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་100%ཟིན་གྱི་ཡོད།
རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་། ཐོན་ལས་འཕེལ་རྒྱས་མགྱོགས་ཤིང་མྱུར།
ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་གཏོང་བ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐར་ཕྱིན་ལེན་པ་དང་མང་ཚོགས་རྣམས་དབུལ་པོར་བསྐྱར་ལོག་མི་ཡོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཚ་བ་རོང་ཤང་ཏང་ཨུད་དང་། ཤང་མི་དམངས་སྲིད་གཞུང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་སོགས་འབྲེལ་ཡོད་ཚན་པས་མཐུན་སྦྱོར་སྒྲིག་འཛུགས་བྱས་པ་བརྒྱུད། སྲང་འཐག་གྲོང་ཚོས་ཐོན་ལས་འཕེལ་རྒྱས་གཏོང་བའི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་སེ་འབྲུ་འདེབས་པ་དང་། ཁྱིམ་ཚང་མགྲོན་ཁང་དང་ཆུ་ཚན་མགྲོན་ཁང་གཉེར་བ་སོགས་ཀྱི་བྱ་ཐབས་སྣ་མང་བརྒྱུད། མང་ཚོགས་ཚོའི་དངུལ་སྨར་ཡོང་འབབ་འཕར་གང་ཐུབ་བྱས་པ་རེད།
“2020ལོར་ང་ཚོས་བཏབ་པའི་སེ་འབྲུའི་འབྲས་བུ་ཐོག་མ་དེ་དངོས་སུ་བསྡུས་ནས་ཁྱིམ་ཚང་ཚང་མའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར1000ལྷག་ཙམ་འཕར་ཡོད”ཅེས་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་དྲན་ནག་གིས་བཤད། 2017ལོར་སྲང་འཐག་གྲོང་ཚོས་སེ་འབྲུ་མུའུ་126བཏབ་པ་དང་འབྲས་བུ་སྨིན་རྗེས་མུའུ་རེ་ནས་དངུལ་སྨར་གྱི་ཡོང་འབབ་སྒོར་ཁྲི་2ནས3བར་རག་པའི་སྔོན་དཔག་མངོན་འགྱུར་ཐུབ་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་དྲིལ་བསྒྲགས་འོག་གྲོང་མི་ཚོས་སེ་འབྲུའི་ཁྲོམ་རའི་མདུན་ལམ་ཡག་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
“ང་ཚོའི་ཁྱིམ་ཚང་ལ་ཆ་བཞག་ན་སེ་འབྲུ་མུའུ་2བཏབ་ཡོད། ན་ནིང་སེ་འབྲུའི་འབྲས་བུ་བསྡུ་ཐེངས་དང་པོར་ཡོང་འབབ་སྒོར་1000ལྷག་ཙམ་བྱུང་། ད་ཆ་འདི་རྒྱུད་དུ་ལམ་བཟོ་བཞིན་ཡོད་པས། ཡུལ་སྐོར་དུ་ཡོང་མཁན་ཡང་ཉིན་རེ་བཞིན་མང་དུ་འགྲོ་གི་འདུག ད་ལོ་སེ་འབྲུའི་ཡོང་འབབ་དེ་བས་ཡག་པ་ཡོང་བའི་ཡིད་ཆེས་ཡོད”ཅེས་སྲང་འཐག་གྲོང་ཚོའི་གྲོང་མི་བསོད་ནམས་སྒྲོལ་མས་དགའ་ཚོར་ཆེན་པོས་བཤད།
སྲང་འཐག་གྲོང་ཚོ་ནི་ཡུན་ནན་ནས་བོད་དུ་སྐྱོད་སའི་གྲོང་ཚོ་དང་པོ་དེ་ཡིན་པ་མ་ཟད། གྲོང་ཚོ་དེ་གའི་མང་ཚོགས་96%ནུའུ་རིགས་ཡིན་པས། དམིགས་བསལ་གྱི་ཡུལ་གོམས་གཤིས་ལུགས་དང་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་ལྡན་པས་ད་ཆ་དེ་གར་ཡུལ་སྐོར་དང་འགྲོ་འོང་བྱེད་མཁན་མང་པོ་ཡོད། “ང་ཚོ་ཚ་བ་རོང་ཤང་ཏང་ཨུད་དང་ཤང་མི་དམངས་སྲིད་གཞུང་གིས་2018ལོ་ནས་བཟུང་། སྲང་འཐག་གྲོང་ཚོར་སྒྱུར་བཀོད་བྱས་ཏེ་གྲོང་ཚོ་དེར་ཡོད་པའི་ནུའུ་རིགས་ཀྱི་ཁྱད་ཆོས་རྨང་གཞིར་བྱས་ཏེ་ས་ཆ་ཁོད་སྙོམས་པ་དང་ལམ་གསར་པ་འདིང་བ། ཆུ་ཀ་ལ་དུད་ཚང་ཚང་མར་འཁྲིད་པ། བཙོག་ཆུ་གཤོང་བ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གང་ལེགས་བྱས་པ་མ་ཟད། ཡུན་ནན་ཕྱོགས་སུ་འགྲོ་སའི་གཞུང་ལམ་རྒྱ་ཆེར་བཏང་སྟེ་མང་ཚོགས་རྣམས་གྲོང་ཚོ་ནས་ཕྱིར་སྐྱོད་པའི་ལམ་གསར་པ་བཏོད་པ་ཡིན”ཞེས་ཚ་བ་རོང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་མིང་ཅུན་གྱིས་བཤད།
དེ་བཞིན་མ་དངུལ་སྒོར་ཁྲི་50ལྷག་ཙམ་བཏང་སྟེ་ཁྱོན་སྨི་ངོས་གྲུ་300ཙམ་ཡོད་པའི་ནུའུ་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྡོད་ཁང་ཁག་གཉིས་ཡུལ་སྐོར་སྣེ་ལེན་གྱི་ཞབས་ཞུ་ལྟེ་གནས་སུ་སྒྱུར་བཀོད་ལེགས་གྲུབ་ཟིན་པ་མ་ཟད། ད་ཡོད་ཀྱི་གྲོང་ཚོའི་ཡུལ་སྐོར་སྣེ་ལེན་ལྟེ་གནས་རྨང་གཞིར་བྱས་ཏེ། མ་དངུལ་སྒོར་ཁྲི་200བརྩོན་ལེན་བྱས་ནས་ཆུ་ཚན་མགྲོན་ཁང་གསར་དུ་བསྐྲུན་པ་དང་། གྲོང་ཚོའི་ཆུ་ཚན་གྱི་ལེགས་ཆར་བརྟེན་ནས་གྲོང་ཚོར་ཆུ་ཚན་གྱི་ཆུ་དྲངས་ཏེ་ཆུ་ཚན་མགྲོན་ཁང་བཙུགས་པ་མ་ཟད། 2021ལོའི་ཟླ་5པའི་ཚེས་28ཉིན་དངོས་སུ་སྒོ་ཕྱེ་བ་རེད།
ད་ལོ་ལོ་33ལ་སླེབས་པའི་བསོད་ནམས་ཆོས་སྒྲོན་གྱིས་སྲང་འཐག་གྲོང་ཚོར་ཁྱིམ་ཚང་མགྲོན་ཁང་ཞིག་གཉེར་ནས་གྲོང་ཚོ་ནས་ཁ་འབྲལ་མི་དགོས་པར་དངུལ་སྨར་ཡོང་འབབ་གསོག་པའི་ཕུགས་འདུན་མངོན་འགྱུར་བྱུང་བ་རེད།
“ད་ལྟ་ཁྱིམ་ཚང་མགྲོན་ཁང་ལ་ཉལ་ཁྲི་7ཡོད། གལ་ཏེ་ཡུལ་སྐོར་བ་ཚོས་གནས་འདིའི་ཁྱད་ཆོས་ལྡན་པའི་ཁ་ལག་ཟ་འདོད་ཚེ་ངས་བཟོ་ཡི་ཡོད། ད་ཆ་ཁྱིམ་ཚང་གི་ཡོང་འབབ་སྔོན་མ་དང་བསྡུར་ན་ལྡབ་མང་པོ་འཕར་སོང་ལ། རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་ཡོད་པས། ང་ཚོ་མང་ཚོགས་ཚོའི་འཚོ་བ་ཡང་ཉིན་རེ་བཞིན་ཡག་ཏུ་འགྲོ་ཡི་འདུག སླད་ཕྱིན་ཡུན་ནན་ནས་ང་ཚོའི་གྲོང་ཚོའི་བར་གྱི་ལམ་འདི་བཟོས་ཚར་ན། ང་ཚོའི་གྲོང་ཚོ་བརྒྱུད་ནས་འགྲོ་འོང་བྱེད་མཁན་གྱི་ཡུལ་སྐོར་བ་དེ་བས་མང་དུ་འགྲོ་སྲིད། སྐབས་དེ་དུས་ཁྱིམ་ཚང་མགྲོན་ཁང་གི་ཡོང་འབབ་དེ་བས་ཡག་ཏུ་འགྲོ་ངེས་རེད་ལ། ང་ཚོས་བཏབ་པའི་སེ་འབྲུ་ཡང་དེ་བས་བྲིན་ཁ་རྒྱུག་པོ་ཡོང་ངེས་རེད”ཅེས་བསོད་ནམས་ཆོས་སྒྲོན་གྱིས་མ་འོངས་ཀྱི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་བཞིན་བརྗོད།
སྣ་མང་ཐོན་ལས་དང་འཐུས་སྒོ་ཚང་བའི་རྨང་གཞིའི་སྒྲིག་བཀོད་ལས་སྲང་འཐག་གྲོང་ཚོ་སྔར་བས་མཛེས་སྡུག་དང་འབྱོར་ཕྱུག་ལྡན་པར་འགྱུར་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ལ། དེ་བས་གྲོང་ཚོ་དེ་གའི་མང་ཚོགས་རྣམས་ལ་འབྱོར་འབྲིང་གི་འཚོ་བར་རེ་སྙེག་བྱེད་པའི་སྟོབས་ཤུགས་སྦྱིན་བཞིན་ཡོད། དེང་གི་སྲང་འཐག་གྲོང་ཚོ་རྒྱལ་མོ་རྔུལ་ཆུའི་རླབས་སྒྲ་དང་འགྲོགས་ཏེ། འབྱོར་འབྲིང་གི་ཕྱོགས་སུ་གོམ་ཞེང་ཆེན་པོས་སྐྱོད་བཞིན་འདུག་ལ། རི་བོས་བསྐོར་བའི་གྲོང་ཚོ་ཆུང་ཆུང་དེ་ལས་ཏང་དང་རྒྱལ་ཁབ་ཀྱིས་ས་མཐོའི་མང་ཚོགས་ལ་བཅངས་པའི་ཐུགས་ཁུར་དང་གཟིགས་སྐྱོང་གང་ལེགས་མངོན་བཞིན་འདུག
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣