ཞིང་འབྲོག་མང་ཚོགས་ཕྱིར་གླ་པར་བསྐྱོད་རྒྱུར་ཁྲིད་སྟོན་ནུས་ལྡན་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་འཆར་འགོད་ཧུར་ཐག་བྱས་ཏེ་འདུ་ཤེས་ལ་ཁྲིད་སྟོན་དང་། རྩལ་ནུས་གསོ་སྦྱོང་། རྣམ་གྲངས་སྐུལ་ཁྲིད་སོགས་ཀྱི་ཐད་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་དང་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད།
ལྷོ་ཁ་གྲོང་ཁྱེར་གྱིས་བསམ་བློའི་ཁྲིད་སྟོན་དེ་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བའི་རྨང་གཞིར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་སྲིད་གཞུང་གིས་ཁྲིད་སྟོན་དང་། སློབ་གྲྭའི་སློབ་གསོ། དཔེ་མཚོན་སྣེ་ཁྲིད། དུད་ཚང་དུ་བསྐྱོད་ནས་བཞུགས་མོལ་བྱེད་པ། གྲོང་མིའི་ཚོགས་འདུ་སོགས་ཀྱི་རྣམ་པ་བརྒྱུད་ཞིང་འབྲོག་པར་ལས་ཞུགས་གཞན་སྒྱུར་གྱི་དོན་སྙིང་གལ་ཆེན་དང་དགེ་མཚན་ལྡན་པའི་ནུས་པར་ངོས་འཛིན་ཡང་དག་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།
ཞིང་འབྲོག་པའི་ལས་ཞུགས་བསྐྱར་མའི་འཇོན་ཐང་ཆེ་རུ་བཏང་སྟེ་ཁོང་ཚོའི་ལས་ཞུགས་གསོ་སྦྱོང་གི་ཧུར་བརྩོན་རང་བཞིན་ཆེ་རུ་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས“གྲོང་ཚོར་གསོ་སྦྱོང་བྱེད་པའི”རྣམ་པར་བརྟེན་ནས་ཁེ་ལས་ཀྱི་ལས་མི་སྤྱོད་པའི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་སྔོན་ལ་ལས་གནས་གཏན་འཁེལ་དང་རྗེས་སུ་གསོ་སྦྱོང་བྱེད་པའི་བྱ་ཐབས་སྤྱད་པ་དང་། ལས་ཀས་གསོ་སྦྱོང་འཐུས་པ”དང“མངགས་ཐོ་དང་ཁ་ཕྱོགས་གཏན་འཁེལ”བརྒྱུད་མང་ཚོགས་ལ་ཡོང་འབབ་བྱུང་བ་དང་ཆབས་ཅིག་རྩལ་ནུས་སྦྱོང་ཐུབ་པ་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཁེ་ལས་13དང་། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་རྟེན་གཞི་117 “གཅིག་འཐུས་རྣམ་པའི”དམངས་ཕན་ཞབས་ཞུའི་ས་ཚིགས་ཀྱི་ལས་སྟེགས་105བཅས་ལ་བརྟེན་ནས་ཞིང་པ་ལས་མིའི་མཉམ་འབྲེལ་རུ་ཁག་432བཙུགས་ཏེ་ལས་ཞུགས་གཞན་སྒྱུར་གྱི་མཛུབ་ཁྲིད་དང་ལས་རིགས་ངོ་སྤྲོད་སོགས་ཀྱི་རོགས་སྐྱོར་གོ་རིམ་ལྡན་པའི་ངང་བྱས་ཏེ་ཞིང་འབྲོག་པ་སྒྲིག་འཛུགས་ཡོད་པའི་ངང་ལས་ཞུགས་གཞན་སྒྱུར་ཐུབ་རྒྱུར་ཞབས་འདེགས་ཞུས་པ་མ་ཟད། ལས་ཞུགས་གཞན་སྒྱུར་གྱི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་བྱ་དགའ་དང་ལས་གཏོད་ཁ་གསབ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་སེམས་ཤུགས་སྔར་བས་ཆེ་རུ་དང་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་འགན་ལེན་སྔར་བས་བརྟན་དུ་བཏང་བ་རེད།