དབུ་ཤོག>ཆེད་སྒྲིག
  • “ཨ་དར་ཁྲལ་འགྲེལ”གྱིས་ཁྲལ་དོན་ཞབས་ཞུའི་མཐའ་མའི་འགག་གནད་བསལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-21

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ཀོང་པོ་རྒྱ་མདའ་རྫོང་ཁྲལ་དོན་ཅུས་ཀྱིས“ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ”བཅས་ལ་དམ་པོར་དམིགས་ནས། ཁོངས་གཏོགས་ཁུལ་གྱི་རྒྱ་ཆེའི་ཁྲལ་འཇལ་བ་དང་ལྷག་དོན་དུ་ཞིང་འབྲོག་པའི་མཉམ་ལས་ཁང་དང་། དམངས་གཉེར་ཁེ་ལས། ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་ཀྱི་ནོར་དོན་མི་སྣའི་ལས་སྒོའི་ཆུ་ཚད་ཅུང་དམའ་བ་དང་། གྲངས་འཛིན་ཆ་འཕྲིན་ཅན་གྱི་ཆུ་ཚད་རྗེས་སུ་ལུས་པ། ཕྱོགས་གསུམ་པའི་ཞབས་ཞུ་ཉོ་སྒྲུབ་ཀྱི་ནུས་པ་ཞན་པ་སོགས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། “ངས་ཁྲལ་འཇལ་བར་བྱ་བ་དངོས་སྒྲུབ་པའི”—“ཨ་དར་ཁྲལ་འགྲེལ”གྱི་ཁྱད་ལྡན་བྱེད་སྒོ་སྤེལ་ཡོད།

    “ཨ་དར་ཁྲལ་འགྲེལ”གྱིས་ཁྲལ་འཇལ་མཁན་དང་གྲོན་དངུལ་སྐྱེལ་མཁན་གྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་བྱེད་པའི་གནད་དོན་མཇུག་གཞིར་བྱེད་པ་དང་། ཁྲལ་འཇལ་མཁན་དང་གྲོན་དངུལ་སྐྱེལ་མཁན“ཉུང་ཙམ་རྒྱུག་པ་དང་རྒྱུག་མི་དགོས་པ”དམིགས་ཚད་དུ་བྱས་ཏེ། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། “དྲ་ཐོག”དང“དྲ་ཕྱི”གཉིས་ཀར་ཤུགས་རྒྱག་པ། རྒྱང་རིང་ནས་གཉེར་རོགས་དང་སྒོ་རྩར་ཞབས་ཞུ་སྒྲུབ་པར་གཞི་གཅིག་གིས་སྐུལ་འདེད་གཏོང་བ། རེ་བ་བཏོན་ཚེ་ངེས་པར་དུ་སྒྲུབ་པ་དང་དཀའ་ངལ་འཕྲད་ཚེ་ངེས་པར་དུ་ཐག་གཅོད་བྱེད་པ་བཅས་བྱས་ནས། རིག་ནུས་ཁྲལ་དོན་གཏིང་ཟབ་་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ཨ་དར་ཁྲལ་འགྲེལ”བྱེད་སྒོ་ཟླ་3ཙམ་སྤེལ་ཚུན། རིམ་རྩིས་བྱས་ན་དུད་ཚང་18ལ་འགྲེལ་བཤད་བརྒྱབ་པ་དང་། དུད་ཚང་11ལ་རྒྱང་ཁྲིད་ནས་གཉེར་རོགས་བྱས་པ། རིགས་ཁག་གི་དཀའ་གནད་དང་གནད་དོན་ཐེངས་68བསལ་བ། ཁྲལ་འཇལ་བ་དང་ཁྲལ་སྐྱེལ་མཁན་གྱི་ཚན་པ་400ལྷག་ཙམ་ལ“ཨ་དར་སྐད་འཕྲིན”དང་ཐད་སྦྲེལ་ཁ་པར་བསྣན་པས། ཁྲལ་འཇལ་བ་དང་གྲོན་དངུལ་སྐྱེལ་མཁན་གྱི་གདེང་འཇོག་ཆེན་པོ་ཡོངས་ཁྱབ་ངང་ཐོབ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།