དབུ་ཤོག>ཆེད་སྒྲིག
  • ཕ་ཡུལ་དུ་ལོག་ནས་དབུལ་སྐྱོར་ཆེད་ལང་ཚོ་སྐྱེས་སུ་ཕུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-07-19

    810957_yis_1626624000000_s.jpg

    འདི་ནི་ཧོང་ཝུན་ཤིའུ་འཚོ་ཞུགས་སྐབས་ཀྱི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས) 

    ཧོང་ཝུན་ཤིའུ་ནི་ཀོང་ཤིས་ཐན་དབྱང་བ་ཡིན། 2016ལོར་པེ་ཅིང་དགེ་འོས་སློབ་ཆེན་རབ་འབྱམས་པའི་ཞིབ་འཇུག་སློབ་མ་སློབ་མཐར་ཕྱིན་རྗེས་ཕ་ཡུལ་དུ་ཕྱག་ལས་གནང་བར་ཕེབས། 2018ལོའི་ཟླ་གསུམ་པར་ཁོང་གིས་རང་འགུལ་ངང་རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་ལེ་ཡེ་རྫོང་གི་པའེ་ཉི་གྲོང་ཚོའི་ཧྲུའུ་ཅི་དང་པོ་བྱེད་པར་འགྲོ་རྒྱུའི་རེ་བ་ཞུས།

    པའེ་ཉི་གྲོང་ཚོའི་གྲོང་མིའི་སྡོད་གནས་ཐར་ཐོར་ཡིན་ཞིང་། དུས་ཚོད་ཐུང་ཤོས་ནང་གྲོང་ཚོའི་དུད་ཚང་དབུལ་པོ་ཡོངས་ཀྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱ་ཆེད། ཧོང་ཝུན་ཤིའུ་ཡིས་ལ་ཀླུང་མང་པོ་བརྒལ་ནས་ཟླ་བ་གཉིས་ཙམ་གྱི་དུས་ཚོད་སྤྱད་དེ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་195ཡི་ཁྱིམ་དུ་ཕེབས།

    “རི་ཁའི་ལྟོ་རྟེན་རི་ཡིན། ཆུ་ཁའི་ལྟོ་རྟེན་ཆུ་ཡིན”ཞེས་པ་ལྟར་ཧོང་ཝུན་ཤིའུ་ཡིས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་དང་མཉམ་དུ་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཚ་ལུ་མ་མངར་མོ་དང་། གཡེར་མའི་འཁོར་ལོ། ཐང་ཤིང་སོགས་བཏབ་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བས་གྲོང་མིའི་ཡོང་འབབ་མང་དུ་ཕྱིན། འབད་འཐབ་བྱས་པ་བརྒྱུད་གྲོང་ཚོའི་ཚ་ལུ་མ་མངར་མོའི་འདེབས་ཁྱོན་མུའུ་1000ལྷག་ཙམ་ནས་2000ལྷག་ཙམ་བར་ཆེ་རུ་ཕྱིན་པ་དང་གཡེར་མའི་འཁོར་ལོ་མུའུ་600ལྷག་ཙམ་ནས་1800བར་ཆེ་རུ་ཕྱིན་ཡོད། ཁྲོམ་རའི་འཚོང་ལམ་རྒྱ་ཆེར་གཏོང་ཆེད། ཁོང་གིས་ད་དུང་ཚང་མར་དྲ་ཐོག་ནས་ཚོང་རྒྱག་སྟངས་ཐེངས་མང་བསླབས་ཏེ་པའེ་ཉི་གྲོང་ཚོའི་དྲ་ཐོག་ཚོང་དོན་ཞབས་ཞུའི་ས་ཚིགས་བཙུགས་གནང་བ་རེད།

    2019ལོའི་ཟླ་6ཚེས་17ཉིན་གྱི་ཐོ་རེངས་སུ། ཁོང་ལས་ཀར་ཕེབས་པའི་ལམ་བར་དུ་གློ་བུར་དུ་ཆུ་ལོག་ཐོན་ནས་སྟབས་མི་ལེགས་པར་སྐུ་གཤེགས། སྐུ་གཤེགས་དུས་དགུང་ལོ་30ལ་ཕེབས་ཙམ་ཡིན། ཧོང་ཝུན་ཤིའུ་ཡིས་གྲོང་ཚོའི་ཧྲུའུ་ཅི་དང་པོ་ལོ་གཅིག་དང་ཉིན་82གནང་བ་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་གྲོང་ཚོ་ཡོངས་ཀྱི་དུད་ཚང་དབུལ་པོ་88ཀྱི་མི་418དབུལ་པོ་ལས་སྒྲོལ་རོགས་གནང་། 2020ལོའི་ལོ་མཇུག་ཏུ་པའེ་ཉི་གྲོང་ཚོ་དབུལ་པོའི་གནས་ལས་གྲོལ།

    ཧོང་ཝུན་ཤིའུ་ལ“དུས་རབས་ཀྱི་མིག་དཔེ”དང་། “རྒྱལ་ཡོངས་གསུམ་བརྒྱད་དར་དམར་བ” “རྒྱལ་ཡོངས་ཕུལ་བྱུང་གུང་ཁྲན་ཏང་ཡོན” “འབད་འཐབ་པ་ཡག་ཤོས”བཅས་ཀྱི་མཚན་སྙན་རྗེས་སྤྲོད་གནང་བ་དང་། “རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའི་གཟེངས་རྟགས”དང“ཀྲུང་གོ་གཞོན་ནུའི་ལྔ་བཞི་བྱ་དགའི་གཟེངས་རྟགས”ཐོབ་པ་དང་། 2021ལོར“རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དཔེ་བཟང་བའི”གཟི་བརྗིད་མཚན་སྙན་ཐོབ་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།