དབུ་ཤོག>ཆེད་སྒྲིག
  • བོད་ལྗོངས་ཀྱིས་གཞི་རིམ་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-18

    གསར་འགོད་པར་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། ལོ་70ཡི་རིང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་བོད་ཀྱིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བས་ཏང་གིས་བོད་དུ་སྲིད་སྐྱོང་བའི་སྟོབས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་སྲིད་སྐྱོང་གི་རྨང་གཞི་སྔར་བས་སྲ་བརྟན་དུ་སོང་ཡོད། མིག་སྔའི་བར་ལྗོངས་ཡོངས་སུ་གཞི་རིམ་ཏང་རྩ་འཛུགས་ཁྲི་2.2དང་ཏང་ཡོན་ཁྲི་42.6ལྷག་ཙམ(དེའི་ནང་ཞིང་འབྲོག་པ་ཏང་ཡོན་ཁྲི་20.2ལྷག་ཙམ)ཟིན་པ་དེ་1952ལོའི་ལྡབ་386དང་ལྡབ་485.7སོ་སོར་ཡིན་པ་རེད།

    ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་ཏན་ཏིག་བྱས་ཏེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་ཏང་གི་རྩ་འཛུགས་ལམ་ཕྱོགས་རང་རྟོགས་ངང་ལག་བསྟར་དང་། ཏང་གིས་ཏང་ལ་དོ་དམ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཐོག ཏང་གི་ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་བྱེད་པ་དང་། སྒྲིག་འཛུགས་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ། ཆབ་སྲིད་ཀྱི་བྱེད་ནུས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ཏང་གི་རྩ་འཛུགས་དང་ལས་དོན་གྱི་འགག་སྒྲོལ་ཁྱོན་ཡོངས་ལ་ཁྱབ་པའི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱེད་པ། གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་ཧུར་ཐག་གཏོད་པ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱེད་པ། “ཐུན་མོང་ལྔ་དང་སྲ་བརྟན་ལྔ”ནང་དོན་གཙོ་བོར་བྱས་པའི་མཐའ་མཚམས་ཏང་འཛུགས་སྐྱོང་གི་གསར་བརྗེའི་ཁྱམས་རིང་འདུ་འགོད་ཁྱབ་གདལ་དང་ལག་བསྟར་བྱེད་པ། ཏང་གི་རྩ་འཛུགས་སྟོབས་ཆེར་གཏོང་བའི་མ་ལག་ལེགས་སུ་གཏོང་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་དེ་ཉིད་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་སྲུང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟམ་སྣེའི་བཙན་རྫོང་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བཅས་ལ་འཛུགས་སྐྱོང་བྱས་ཡོད་ཅེས་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།