58 ལོ་ལྔ་ཚན་དང་པོའི་འཆར་འགོད།
1953ལོ་ནས་1957ལོ་བར་རང་རྒྱལ་གྱི་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལོ་ལྔ་ཚན་དང་པོ་དེ་ནི་ཀྲུང་གུང་ཀྲུང་དབྱང་གིས་ཐད་ཀར་འགོ་ཁྲིད་གནང་བ་དང་། ཀྲོའུ་ཨེན་ལའེ་དང་ཁྲེན་ཡུན་སོགས་ཀྱིས་གཙོ་སྐྱོང་གནང་སྟེ་གཏན་ལ་ཕབ་པ་ཞིག་ཡིན་པ་དང་། “ལོ་ལྔ་ཚན་དང་པོའི”འཆར་འགོད་འཛུགས་སྐྲུན་གྱི་དུས་སྐབས་ནི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡག་ཤོས་ཀྱི་དུས་སྐབས་གྲས་ཤིག་རེད།
59 《འབྲེལ་བ་ཆེན་པོ་བཅུ་གླེང་བ》
1956ལོའི་ཟླ་4པའི་མའོ་ཙེ་ཏུང་གི《འབྲེལ་བ་ཆེན་པོ་བཅུ་གླེང་བའི》གསུང་བཤད་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་རང་ཉིད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་འཛུགས་སྐྲུན་བྱེད་རྒྱུ་བརྒྱུད་རིམ་ལྡན་པའི་ངང་འཚོལ་ཞིབ་བྱེད་འགོ་ཚུགས་པ་ཞིག་རེད། འབྲེལ་བ་ཆེན་པོ་བཅུ་ནི། ལྕི་བའི་བཟོ་ལས་དང་ཡང་བའི་བཟོ་ལས་དང་ཞིང་ལས་དབར་གྱི་འབྲེལ་བ་དང་། མཚོ་རྒྱུད་ཀྱི་བཟོ་ལས་དང་ནང་སའི་བཟོ་ལས་དབར་གྱི་འབྲེལ་བ། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྱོང་དབར་གྱི་འབྲེལ་བ། རྒྱལ་ཁབ་དང་ཐོན་སྐྱེད་ཚན་པ་དང་ཐོན་སྐྱེད་བྱེད་མཁན་མི་སྒེར་དབར་གྱི་འབྲེལ་བ། ཀྲུང་དབྱང་དང་ས་གནས་དབར་གྱི་འབྲེལ་བ། རྒྱ་རིགས་དང་གྲངས་ཉུང་མི་རིགས་དབར་གྱི་འབྲེལ་བ། ཏང་དང་ཏང་མིན་པའི་དབར་གྱི་འབྲེལ་བ། གསར་བརྗེ་དང་གསར་བརྗེར་ངོ་རྒོལ་བྱེད་མཁན་དབར་གྱི་འབྲེལ་བ། ཡིན་མིན་གྱི་འབྲེལ་བ། ཀྲུང་གོ་དང་ཕྱི་རྒྱལ་གྱི་འབྲེལ་བ་བཅས་རེད།
60 ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ།
1956ལོའི་ཟླ་9ཚེས་15ནས་27ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཚོགས་ཆེན་ཐོག་ཁ་གསལ་བཏོན་དོན། རྒྱལ་ནང་གི་འགལ་བ་གཙོ་བོ་ནི་སྔོན་ཐོན་གྱི་བཟོ་ལས་རྒྱལ་ཁབ་འཛུགས་རྒྱུའི་མི་དམངས་ཀྱི་རེ་འདུན་དང་རྗེས་ལུས་ཀྱི་ཞིང་ལས་རྒྱལ་ཁབ་ཀྱི་དངོས་ཡོད་གནས་ཚུལ་དབར་གྱི་འགལ་བ་ཡིན་པ་དང་། དཔལ་འབྱོར་དང་རིག་གནས་གང་མགྱོགས་འཕེལ་རྒྱས་གཏོང་རྒྱུའི་མི་དམངས་ཀྱི་དགོས་མཁོ་དང་མིག་སྔའི་དཔལ་འབྱོར་དང་རིག་གནས་ཀྱིས་མི་དམངས་ཀྱི་དགོས་མཁོ་སྐོང་མི་ཐུབ་པའི་གནས་ཚུལ་དབར་གྱི་འགལ་བ་ཡིན། ཏང་དང་རྒྱལ་ཡོངས་མི་དམངས་ཀྱི་མིག་སྔའི་ལས་འགན་གཙོ་བོ་ནི་སྟོབས་ཤུགས་གཅིག་སྡུད་ཀྱིས་འགལ་བ་དེ་ཐག་གཅོད་བྱས་ནས་རང་རྒྱལ་འདི་ཉིད་རྗེས་ལུས་ཀྱི་ཞིང་ལས་རྒྱལ་ཁབ་ནས་སྔོན་ཐོན་གྱི་བཟོ་ལས་རྒྱལ་ཁབ་ལ་གང་མགྱོགས་སྒྱུར་རྒྱུ་དེ་ཡིན།
61 ཏང་གིས་སྲིད་བསྐྱངས་རྗེས་ཀྱི་ཏང་གི་སྒྲིག་ཡིག་དང་པོ།
ཏང་གི་ཚོགས་ཆེན་བརྒྱད་པའི་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》ལ་གྲོས་འཆམ་བྱུང་བ་ནི་ཏང་གིས་སྲིད་བསྐྱངས་རྗེས་ཀྱི་ཏང་གི་སྒྲིག་ཡིག་དང་པོ་དེ་རེད།