བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།
འདི་ལོ་ལོ་86ལ་སླེབས་པའི་བསོད་ནམས་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཨེ་མ་ཤང་ཤར་ཁང་གྲོང་ཚོ་ནས་རེད།
བསོད་ནམས་ལོ་13ལ་སླེབས་སྐབས་ཡུལ་དེའི་གཞིས་ཀའི་བདག་པོར་ངལ་ལས་རྒྱུག་པར་ཕྱིན་པས་དེ་ནས་བཟུང་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་། “ཉིན་མོ་གཞིས་ཀའི་བདག་པོའི་ཕྲུ་གུ་ལྟ་རོགས་དང་ཕྱུགས་འཚོ་རོགས་བྱེད་དགོས་པ་དང་། མཚན་མོ་ནོར་ལུག་ལ་གཟན་ཆག་སྟེར་དགོས་ཀྱི་ཡོད། ལྟོ་ཡིས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོད་པ་མ་ཟད། མཚན་མོ་ལྷས་རའི་ནང་ཉལ་དགོས་པ་དང་ཉེས་རྡུང་དང་གཤེ་གཤེ་ཚད་མེད་གཟེད་དགོས་ཀྱི་ཡོད”ཅེས་བསོད་ནམས་ཀྱིས་ཕྱིར་དྲན་བྱེད་བཞིན་དུ་བརྗོད།
1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བསོད་ནམས་ལ་ས་ཞིང་དང་། ཁང་པ། སྒོ་ཕྱུགས་བཅས་བགོ་བཤའ་རག་སྟེ་སྐྱིད་པའི་ཉི་མ་ཤར་འགོ་ཚུགས།
“ད་ཆ་ང་ཚོ་མི་རབས་བཞི་པོ་འཚོ་བ་ཧ་ཅང་སྐྱིད་པོ་འདུག”ཅེས་བསོད་ནམས་ཀྱིས་བརྗོད། ད་ཆ་ཁོང་དང་ལོ་62ལ་སླེབས་པའི་བུ་རྒན་པ་བཀྲ་ཤིས་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད། བཀྲ་ཤིས་ནི་གུང་ཁྲན་ཏང་ཡོན་དང་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་མཁན་རེད། 2013ལོར་ཁོང་གིས་སྡོད་ཁང་གསར་རྒྱག་བྱས་པ་དང་སྒོ་རའི་ནང་ཞིང་ལས་འཕྲུལ་ཆས་ཕུད་ད་དུང་ནོར་ལུག་ཁྱུ་གཅིག་གསོས་ཡོད། འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བས་བསོད་ནམས་ཀྱིས“འདི་ནི་བསམ་ཡང་མི་ཕོད་པ་ཞིག་རེད”ཅེས་བརྗོད་ཀྱི་ཡོད།
འདི་ནི་ལོ་86ལ་སླེབས་པའི་རྒད་པོ་བསོད་ནམས་ཡིན་པ།
འདི་ནི་རྒད་པོ་བསོད་ནམས་དང་། བུ་རྒན་པ་བཀྲ་ཤིས(གཡས་ཀྱི་གཉིས་པ)ཚ་བོའི་མནའ་མ་ཚེ་རིང་གཡང་འཛོམས(གཡོན་གྱི་དང་པོ)ཡང་ཚ་བཅས་ཀྱི་པར་ཡིན་པ(ཟླ་4ཚེས་18ཉིན་པར་བླངས)