དབུ་ཤོག>ཆེད་སྒྲིག
  • སྐྱིད་གྲོང་རྫོང་གིས་གྲོང་སྡོད་ལས་བྱེད་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་གཏིང་ཟབ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-16

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ཚུན། སྐྱིད་གྲོང་རྫོང་གིས“ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ནས་རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་གཏིང་ཟབ་བྱེད་པའི་ཐད་ཤུགས་རྒྱག་པ་དང་། བློ་གྲོས་བསྡུ་ལེན་དང་ཀུན་སྤྱོད་ཞུན་བརྡར་བྱེད་པའི་ཐད་ཤུགས་རྒྱག་པ། བྱ་བ་དངོས་ཡག་པོ་བསྒྲུབས་པ་དང་བདེ་སྐྱིད་ཆེ་རུ་གཏོང་བའི་ཐད་ཤུགས་རྒྱག་པ། ཤེས་སྦྱོར་གཅིག་མཐུན་དང་ལག་ལེན་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་རྒྱག་པ་བཅས་ལ་ཁྲིད་སྟོན་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པའི་འགན་ལེན་བྱས་ཡོད།

    སློབ་གསོ་ཁྲིད་སྟོན་གཏིང་ཟབ་བྱེད་པའི་ཐད་ཤུགས་བརྒྱབ་ནས་མང་ཚོགས་ཀྱིས“བློ་རྩེ་གཅིག་སྒྲིམ”ངང་སྦྱོང་ཐུབ་པར་བྱས་ཤིང་། སྐྱིད་གྲོང་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་། སྐོར་ཞིབ་གཞུང་ལས་ཁང་། རྩིས་བཤེར་ཅུས་བཅས་ཀྱིས་སྐྱིད་གྲོང་རྫོང་རྫོང་དགའ་གྲོང་རྡལ་འོར་མ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་མཉམ་དུ་ཞིང་དལ་དུས་ཚོད་གང་ལེགས་སྤྱད་ནས་མང་ཚོགས་ཁྲོད་སྐྱོད་དེ་མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་བཤད་པ་མ་ཟད་ཉེ་འགྲམ་གྱི་མི་དང་བྱ་བ་དང་ཟུང་འབྲེལ་བྱས་ཏེ་གོ་བདེ་ཤེས་སླའི་ཐོག་ནས་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། མང་ཚོགས་ལ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གསལ་འགྲེལ་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་སློབ་སྦྱོང་གི་ཧུར་སེམས་གང་ལེགས་འཕེལ་བར་བྱས་ཏེ་མང་ཚོགས་ཀྱིས“བློ་རྩེ་གཅིག་སྒྲིམ”ངང་སྦྱོང་བ་དང“བཀའ་དྲིན་ཚོར་བཞིན”ཏན་ཏིག་སྦྱོང་ཐུབ་པ་བྱས་ཡོད།

    འགན་འཁྲི་དང་ལས་འགན་ལ་དམིགས་པའི་ཐད་ཤུགས་བརྒྱབ་ནས་མང་ཚོགས་ཀྱིས“མཉམ་འདྲེས”ངང་སྦྱོང་ཐུབ་པར་བྱས་ཤིང་། སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་སྐྱིད་གྲོང་གྲོང་ལྷན་དུ་བཅའ་སྡོད་གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི་ལས་དོན་རུ་ཁག་གིས“ཏང་གི་ལོ་རྒྱུས་གྲོང་ཚོར(གྲོང་ལྷན)སྒྲོག་འགྲེལ་བྱེད་པ་དང་དམངས་ལ་ཞབས་འདེགས་ཞུས་ནས་བྱ་བ་ཆུང་ཙག་སྒྲུབ”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཏེ་མང་ཚོགས་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་དཔུང་ཁག་ཁྲོད་མཉམ་འདྲེས་ཡོང་བར་ཁྲིད་སྟོན་བྱས་པ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཞི་རིམ་དང་མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ་དང་མི་སེམས་སུ་གཏིང་ཟབ་ཟུག་རྒྱུར་སྐུལ་འདེད་བཏང་ཡོད།

    བྱེད་སྒོ་རྒྱ་ཁྱབ་སྤེལ་རྒྱུའི་ཐད་ཤུགས་བརྒྱབ་ནས་མང་ཚོགས་ཀྱིས“རྣམ་པ་སྣ་ཚོགས”ཀྱི་སྒོ་ནས་སྦྱོང་ཐུབ་པར་བྱས་ཤིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྔར་བས་རྩ་བ་ཚུགས་རྒྱུར་སྐུལ་འདེད་གཏོང་ཆེད། རིམ་ཁག་གྲོང་སྡོད་ལས་དོན་རུ་ཁག་གིས་ཀྲི་པུའི་སློབ་སྦྱོང་ཚོགས་འདུ་དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ། རྒྱལ་དར་འོག་ཏང་གི་སློབ་ཚན་ཁྲིད་པ། ཟླ་རེར་ཚོད་རྒྱུགས་གཏོང་བ། ལན་འདེབས་བྱ་དགའ་སྤྲོད་པ་སོགས་ཀྱི་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་བརྒྱུད་སློབ་སྦྱོང་བྱེད་སྟངས་ཕུན་སུམ་ཚོགས་སུ་དང་སློབ་སྦྱོང་གི་གཞི་རྟེན་གསར་གཏོད་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་གསོན་ཤུགས་རྒྱས་ཐུབ་པ་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།