དབུ་ཤོག>ཆེད་སྒྲིག
  • བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་སྡེ་ཁུལ་གྱིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-16

    ཉེ་ཆར། ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་སྡེ་ཁུལ་གྱིས་ཁྲོམ་གཞུང་དུ་ཡོད་པའི་ཏང་སྲིད་ཚན་ཁག་དང་། སྡེ་ཁུལ“ཨུ་ལྷན་གཉིས”གྱི་ཚན་ཁག ཁྲོམ་གཞུང་ཁག་གི་ཏང་ཡོན་ལས་བྱེད་པ་སོགས་མི་55ལྷག་ཙམ་སྒྲིག་འཛུགས་བྱས་ནས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། ལྷ་སའི་སྲིད་གཙང་ཉེན་ཟོན་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་པ་རེད། གསོན་ཉམས་དོད་པའི་གྱོད་དཔེ་དང་མཐོང་བ་ཙམ་གྱིས་ཧང་སངས་དགོས་པའི་གཟུགས་བརྙན་བརྒྱུད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་རུལ་རྒོལ་གཙང་སྤེལ་ལས་དོན་ལ་ཐོབ་པའི་ཕན་འབྲས་དང་ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་དཔེ་ཐད་ཀར་དང་གསོན་ཉམས་དོད་པོས་མངོན་ཡོད།

    ལས་བྱེད་ལས་བཟོ་ཡོངས་ཀྱིས་འཆད་འགྲེལ་པའི་སྣེ་ཁྲིད་དང་འཆད་འགྲེལ་འོག་པར་རིས་རེ་རེ་དང་། གྱོད་དཔེ་རེ་རེ། བརྙན་ཐུང་རེ་བཅས་ལ་ཞིབ་པར་བལྟས་ཤིང་། དཔེ་མཚོན་གྱི་གྱོད་གཞི་དེ་དག་ལས་ཚང་མའི་སེམས་ལ་གཡོ་འགུལ་ཆེན་པོ་ཐེབས་པ་མ་ཟད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ་དང་འགན་འཁྲི་འཁུར་སེམས་ཆེན་པོ་བཅངས་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་འདོད་པ། རུལ་སུངས་བྱེད་མི་ཐུབ་པ་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་སྐྱོང་ལ་མཉམ་དུ་སྐུལ་འདེད་བཏང་བས་རྩ་ལག་མཉམ་བཅོས་ཀྱི་ཕྱོགས་བསྡུས་ཕན་འབྲས་དེ་བས་མངོན་གསལ་དོད་དུ་ཕྱིན་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།