དབུ་ཤོག>ཆེད་སྒྲིག
  • ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་ཁུལ་གྱི་རྣམ་པ་དེ་བས་མཛེས་སུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-15

    ཉེ་བའི་ལོ་ཤས་རིང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལག་བསྟར་གཏིང་ཟབ་བྱས་པ་དང་བསྟུན་ནས་ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་ཁུལ་གྱི་རྣམ་པ་དེ་བས་མཛེས་སུ་ཕྱིན་ཡོད།

    གད་སྙིགས་བཅོས་སྒྲིག་བྱེད་ཚད་མཐོ་རུ་ཕྱིན་ཞིང་། གྲོང་ཁྱེར་ཡོངས་སུ་གད་སྙིགས་རིགས་དབྱེའི་གྲོང་ཚོ་83ཡོད་པ་དང་། གད་སྙིགས་ཅ་དངོས་དང་བརྗེ་བའི་སྒོ་རྩིས་ཚོང་ཁང་31བཙུགས་པ། གྲོང་ཚོ་217ལ་གད་སྙིགས་གཅིག་སྡུད་བསྡུ་ལེན་ས་ཚིགས་བཙུགས་པ། གྲོང་ཚོ་208ལ་བསྡུ་འདྲེན་མ་ལག་བཙུགས་པས། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་མ་ལག་གཞི་རྩའི་ཆ་ནས་ཁྱོན་ཡོངས་ལ་ཁྱབ་པ་དང་། རྒྱལ་ལམ་རྒྱུད་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མཐའ་འཁོར་སོགས་སུ་རྨང་གཞི་ཅུང་ལེགས་པ་དང་གཞི་རྩའི་ཆ་ནས་ཆ་རྐྱེན་འཛོམས་པའི་གྲོང་ཚོའི་འཚོ་བའི་གད་སྙིགས་90%ཡན་གཙང་སེལ་ནུས་ལྡན་ཐུབ་ཡོད་པ་རེད།

    མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། མ་དངུལ་སྒོར་དུང་ཕྱུར་1.89བཏང་ནས་ནགས་བཟོ་སྔོ་འགྱུར་མུའུ་ཁྲི་11.56བྱས་ཏེ་སྨི་4300མན་གྱི་སྐྱེ་ཤིང་མེད་པའི་གྲོང་ཚོ་4དང་སྐྱེ་ཤིང་མེད་པའི་དུད་ཚང་18679ལ་ལྗོན་ཤིང་བཏབ་པས། རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་རྫོང་དང་། སྐྱེ་ཁམས་ཤང་དང་གྲོང་རྡལ། སྐྱེ་ཁམས་གྲོང་ཚོ(སྡེ་ཁུལ)བཅས་ཁག་སོ་སོར25%དང་། 91% 91%བཅས་ཟིན་ཡོད།

    ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེར”སྐུལ་འདེད་བཏང་ཞིང་། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས“གསང་སྤྱོད་གསར་བརྗེ”གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་ཐད་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ནོར་སྲིད་ཀྱི་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི་2441.20བརྩོན་ལེན་བྱས་ནས་དུད་ཚང་གིས་སྤྱོད་པའི་འཕྲོད་བསྟེན་གསང་སྤྱོད་13898སྒྱུར་བཀོད་བྱས་པར་ཁྱོན་དུད་ཚང་335356ཟིན་པ། ནོར་སྲིད་ཀྱི་བྱ་དགའི་ཁ་གསབ་སྲིད་ཇུས་ལ་བརྟེན་ནས་གྲོང་གསེབ་དུད་ཚང་གི་གསང་སྤྱོད་6986ཞིབ་བཤེར་རྩིས་ལེན་བྱས་པ། རིམ་རྩིས་བྱས་ན་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་441བསྐྱར་སྐྲུན་བྱས་པས་གྲོང་ཁྱེར་ཡོངས་སུ་འཕྲོད་བསྟེན་གསང་སྤྱོད་ཁྱབ་ཚད་41.65%ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།