དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས་ཀྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-07-15

    55 ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ།

    1953ལོར་ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་ཐོག་མར་བཏོན་གནང་བ་ཞིག་ཡིན་ཞིང་། དེ་ནི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བཙན་གནོད་མི་བྱེད་པ། ཕན་ཚུན་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། འདྲ་མཉམ་གཉིས་ཕན། ཞི་བདེ་མཉམ་གནས་བཅས་རེད།

    56 བར་བརྒལ་དུས་སྐབས་ཀྱི་སྤྱིའི་ལམ་ཕྱོགས།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ནས་སྤྱི་ཚོགས་རིང་ལུགས་སྒྱུར་བཀོད་གཞི་རྩའི་ཆར་ལེགས་གྲུབ་བྱུང་བའི་བར་ནི་བར་བརྒལ་གྱི་དུས་སྐབས་ཤིག་ཡིན་ཞིང་། བར་བརྒལ་དུས་སྐབས་དེའི་རིང་གི་ཏང་གི་སྤྱིའི་ལམ་ཕྱོགས་དང་སྤྱིའི་ལས་འགན་ནི། དུས་ཡུན་ཧ་ཅང་རིང་པོ་ཞིག་གི་ནང་རྒྱལ་ཁབ་ཀྱི་སྤྱི་ཚོགས་རིང་ལུགས་བཟོ་ལས་ཅན་རིམ་བཞིན་མངོན་འགྱུར་དང་རྒྱལ་ཁབ་ཀྱིས་ཞིང་ལས་དང་། ལག་ཤེས་བཟོ་ལས། མ་རྩ་རིང་ལུགས་ཀྱི་བཟོ་ཚོང་ལས་རིགས་བཅས་ལ་སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད་རིམ་བཞིན་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་རེད།

    57 སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རང་རྒྱལ་དུ་བཙུགས་པ།

    བར་བརྒལ་དུས་སྐབས་ཀྱི་སྤྱིའི་ལམ་ཕྱོགས་ཀྱི་དགོངས་དོན་ལ་གཞིགས་ཏེ་རང་རྒྱལ་གྱིས་ཞིང་ལས་དང་། ལག་ཤེས་བཟོ་ལས། མ་རྩ་རིང་ལུགས་ཀྱི་བཟོ་ཚོང་ལས་རིགས་བཅས་ལ་བརྒྱུད་རིམ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད་བྱས་པ་རེད། 1956ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་ས་གནས་མང་ཆེ་བར་གཞི་རྩའི་ཆར་ཐོན་སྐྱེད་རྒྱུ་ཆ་སྒེར་ལ་དབང་བའི་ལམ་ལུགས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད་ལེགས་གྲུབ་བྱུང་ནས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་དེ་རང་རྒྱལ་དུ་བཙུགས་པ་རེད། (མུ་མཐུད་འགོད་རྒྱུ) 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།