དབུ་ཤོག>ཆེད་སྒྲིག
  • ལྗོངས་མི་དམངས་འཐུས་ཚོགས་གཞུང་དོན་ཐིང་གི་གྲོང་སྡོད་ལས་དོན་རུ་ཁག་གིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-14

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། གཏིང་སྐྱེས་རྫོང་སྐྱིད་ལྷས་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་གཞུང་དོན་ཐིང་གི་ལས་དོན་རུ་ཁག་གིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དམངས་ཀྱི་དཀའ་གནད་སེལ་བ་དང་དམངས་ལ་བྱ་བ་དངོས་སྒྲུབ་པའི་བྱ་སྤྱོད་དངོས་ལ་འགྱུར་བར་བྱས་པ་རེད།

    སྐྱིད་ལྷས་གྲོང་ཚོའི་ས་བབ་མཐོ་ཚད་སྨི་4666ཟིན་ཞིང་། གྲོང་སྡོད་ལས་དོན་རུ་ཁག་བཅའ་སྡོད་བྱས་རྗེས་འཕྲལ་དུ་གྲོང་ཚོའི་དུད་ཚང་དུ་ཚང་མར་བསྐྱོད་དེ་མང་ཚོགས་ཀྱི་སྡོད་ཁང་དང་། སྨན་བཅོས། སློབ་གསོ། འཕྲོད་བསྟེན། འཐུང་ཆུའི་བདེ་འཇགས། ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་བཅས་ཤེས་རྟོགས་བྱས་པ་མ་ཟད། གྲོང་ཚོའི་ནང་གི་འཚོ་བར་དཀའ་ངལ་ཡོད་པའི་དུད་ཚང་5ལ་འཚམས་འདྲི་བྱས་ནས་དུད་ཚང་རེར་ཉལ་ཆས་དང་། ཀམ་པ་ལི། གྲང་འགོག་གྱོན་ཆས་སོགས་སྤྲད་པ་རེད།

    དེ་དང་ཆབས་ཅིག་གྲོང་སྡོད་ལས་དོན་རུ་ཁག་གིས་མིག་སྔར་གཟན་རྩྭའི་ཁྲོམ་རར་གཟན་རྩྭ་དཀོན་པ་དང་སྐྱིད་ལྷས་གྲོང་ཚོའི་གསོ་ཚགས་མཉམ་ལས་ཁང་གིས་གཟན་རྩྭ་འདང་ངེས་མཁོ་འདོན་མི་ཐུབ་པ་སོགས་ཤེས་རྟོགས་བྱུང་རྗེས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་འབྲི་གཡག་གྲོད་པ་མི་རྒྱགས་པའི་དབང་གིས་གྱོང་གུན་ཕོག་པ་བཀག་འགོག་བྱ་ཆེད། གྲོང་སྡོད་ལས་དོན་རུ་ཁག་གིས་ཕྱོགས་མང་པོའི་ཐད་ནས་མཐུན་སྦྱོར་བྱས་ཏེ་སྐྱིད་ལྷས་གྲོང་ཚོའི་གསོ་ཚགས་མཉམ་ལས་ཁང་ལ་གཟན་རྩྭ་དང་ནས་ཀྱི་སོག་མ་རྩྭ་རས་288དང་རྒྱ་མ་9000གྲབས་གསོག་བྱེད་རོགས་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།