“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་རྒྱུན་མཐུད་གཏིང་ཟབ་སྤེལ་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་བ། ཉེན་རྟོག་སྒར་ས་དང་ས་གནས་མཉམ་སྐྲུན་ལ་སྔར་བས་ཤུགས་སྣོན་རྒྱག་པ། ཉེན་རྟོག་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར་སྤུ་ཧྲེང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་བཅའ་སྡོད་བྱ་ཡུལ་གྱི་སྟོད་ཡུལ་གྲོང་ཚོའི་ལྟེ་བའི་སློབ་ཆུང་གི་དགེ་སློབ་20ཞིབ་བཤེར་ས་ཚིགས་སུ་དམག་སྒར་རིག་གནས་བྱེད་སྒོ་སྤེལ་རྒྱུར་གདན་དྲངས་ཏེ། དགེ་སློབ་དམག་སྒར་དང་མཐའ་མཚམས་སུ་བསྐྱོད་ནས་དུས་རྒྱུན་དང་མི་འདྲ་བའི་འཚོ་བ་མྱོང་རོལ་བྱས་ཤིང་། འདི་ནི་སྤུ་ཧྲེང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་གནས་སྤོས་ཡུལ་མི་དོ་དམ་མི་དམངས་ཉེན་རྟོག་པས་རྒྱལ་མཚམས་ཀྱི་མདུན་དུ་སློབ་མར་རྒྱལ་མཚམས་ཀྱི་གཏམ་རྒྱུད་ཤོད་བཞིན་པ།