དབུ་ཤོག>ཆེད་སྒྲིག
  • རང་སྐྱོང་ལྗོངས་དམག་ཞབས་ཐིམ་པའི་དམག་མིའི་སློབ་གསོ་སློབ་སྦྱོང་རྟེན་གཞི་དངོས་སུ་སྒོ་ཕྱེ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-13

    ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར། དམག་ཞབས་ཐིམ་པའི་དམག་མིའི་ཁྱིམ་གཞིས་བསྐྲུན་རྒྱུའི་སྐོར་གྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའི་བླང་བྱ་དོན་འཁྱོལ་བཅས་བྱ་ཆེད། ཉེ་ཆར་བོད་རང་སྐྱོང་ལྗོངས་དམག་ཞབས་ཐིམ་པའི་དམག་མིའི་སློབ་གསོ་སློབ་སྦྱོང་རྟེན་གཞི་དངོས་སུ་སྒོ་ཕྱེ་བ་རེད།

    རང་སྐྱོང་ལྗོངས་དམག་ཞབས་ཐིམ་པའི་དམག་མིའི་སློབ་གསོ་སློབ་སྦྱོང་རྟེན་གཞི་ནི་རང་སྐྱོང་ལྗོངས་དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུའི་ལྟེ་གནས་ཀྱིས་སེམས་ནུས་ཡོད་རྒུ་བཏོན་ནས་བསྐྲུན་པ་དང་། དེ་ནི་གསར་བརྗེའི་ས་བོན་རྒྱུན་འཛིན་སློབ་གསོ་དང་། ཏང་གི་ལོ་རྒྱུས་དང་དམག་དོན་ལོ་རྒྱུས་སློབ་སྦྱོང་། དམག་མི་རྒན་གྲས་ཀྱི་དཔེ་དེབ་ལྟ་ཀློག་ཁང་། ངལ་གསོ་ཁང་། གཟི་བརྗིད་ཁང་བཅས་གཞི་གཅིག་ཏུ་འདུས་པའི་ནུས་མང་སློབ་གསོའི་སློབ་སྦྱོང་རྟེན་གཞི་ཞིག་ཡིན་ཞིང་། དེ་ནི་གཙོ་བོ་ལོ་རྒྱུས་ཕྱིར་དྲན་ཁུལ་དང་། བརྙན་ཐུང་འགྲེམས་སྟོན་ཁུལ། དཔེ་ཀློག་སློབ་སྦྱོང་ཁུལ། དམག་མི་རྒན་གྲས་ཀྱི་གཟི་བརྗིད་གྱང་བཅས་ཆ་ཤས་བཞི་ལས་གྲུབ་ཡོད།

    ལོ་རྒྱུས་ཕྱིར་དྲན་ཁུལ་གྱི་ལྟེ་བའི་འགྲེམས་སྤེལ་གྱི་ཆ་ཤས་ལ“ཏང་གི་འོད་ཟེར་སྟོང་ལྡན་གྱི་ལོ་རྒྱུས་ལམ་བུ”དང་། “བོད་ཀྱི་གཅེས་སུ་འོས་པའི་མི་ནི་སུ་ཡིན་པ” “དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པར་དམག་མི་སྤྱི་ཚོགས་ཡོངས་སུ་བརྩི་འཇོག་བྱེད་པའི་ལས་རིགས་སུ་འགྱུར་བ་དང་དམག་ཞབས་ཐིམ་པའི་དམག་མི་སྤྱི་ཚོགས་ཡོངས་སུ་བརྩི་འཇོག་བྱེད་པའི་མིར་འགྱུར་བ་བྱེད་དགོས”བཅས་ལེའུ་གསུམ་ལ་དབྱེ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།