དབུ་ཤོག>ཆེད་སྒྲིག
  • བོད་ལྗོངས་ཀྱི“གསར་གཉིས”རྩ་འཛུགས་ཀྱིས་ལྷོ་ཁར་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཏང་འཛུགས་སྐྱོང་གི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-13

    ཏང་གི་ལོ་བརྒྱ་ཡི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བ་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་ཆེད། ཉེ་དུས་རང་ལྗོངས་ཀྱི“གསར་གཉིས”རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཁག་གཅིག་ལྷོ་ཁ་གྲོང་ཁྱེར་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དང་། ལྷུན་རྩེ་རྫོང་ཡུལ་སྨད་ཤང་དང་གཉལ་སྨད་ཤང་། སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ། ལྷོ་ཁ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་སོགས་སུ་བསྐྱོད་དེ་ཏང་འཛུགས་སྐྱོང་གི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

    བྱེད་སྒོའི་ཐོག་རྒྱལ་དར་སྒྲེང་བ་དང་། ཏང་ཞུགས་དམ་བཅའ་བསྐྱར་འཇོག གསར་བརྗེའི་སྔོན་གཤེགས་དཔའ་བོའི་དུར་སར་མཆོད་འབུལ། ཞིང་འབྲོག་མང་ཚོགས་དང་མཐའ་མཚམས་དཔོན་དམག་ལ་འཚམས་འདྲི། དྲན་གསོ་ཁང་ལ་ལྟ་སྐོར། བཞུགས་མོལ་སྤེལ་རེས་སོགས་ཀྱི་རྣམ་པའི་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུས་པ་དང་། བོད་ཀྱི་གསར་བརྗེའི་ལོ་རྒྱུས་བསྐྱར་དྲན་བྱས་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས”ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་བ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་ལེན་བསྟར་བའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་གཏིང་ཟབ་བཏང་བ་རེད། ད་ཐེངས་ཀྱི་བྱེད་སྒོར་ལས་རིགས་ཁག་གི“གསར་གཉིས”རྩ་འཛུགས་ཀྱི་ཏང་རྩ་འཛུགས་8ཀྱི་ཏང་ཡོན་40ལྷག་ཙམ་ཞུགས་པ་དང་ཁྱོན་བསྡོམས་སྒོར་ཁྲི་40ལྷག་ཙམ་རི་བའི་འཚམས་འདྲིའི་དངོས་པོ་སྤྲད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱི་རིགས་ཁག་གི“གསར་གཉིས”རྩ་འཛུགས་འཕེལ་རྒྱས་མྱུར་པོ་ཕྱིན་ནས་ཏང་འཛུགས་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔའི་བར། ལྗོངས་ཡོངས་སུ“གསར་གཉིས”རྩ་འཛུགས་ཀྱི་ཏང་ཡོན་ཁྲི་2.6ལྷག་ཙམ་དང་ཏང་རྩ་འཛུགས་1900ལྷག་ཙམ་ཡོད་པ་དང་། “ལྡན་པ་གསུམ”གྱི་ཚད་གཞི་ལོན་པའི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་ཁེ་ལས་ཀྱི་ཏང་རྩ་འཛུགས་ཁྱབ་ཚད་56%ཟིན་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཁྱབ་ཚད་94%ཟིན་ནས“གསར་གཉིས”རྩ་འཛུགས་ཀྱི་ཏང་རྩ་འཛུགས་དེ་ལས་རིགས་ཁག་སྐྱོན་བྲལ་ངང་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ་དང་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲ་ཞིང་བརྟན་པའི་མཁར་རྫོང་དུ་གྱུར་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།