དབུ་ཤོག>ཆེད་སྒྲིག
  • མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱི་རྗེས་ཤུལ་རྙིང་པའི་དྲན་གསོ་ཁང་སྒོ་ཕྱེ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-13

    ཉེ་ཆར། མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱི་རྗེས་ཤུལ་རྙིང་པའི་དྲན་གསོ་ཁང་སྒར་རྫོང་དགུན་ས་ཤང་དུ་དངོས་སུ་སྒོ་ཕྱེ་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་ཕྱག་རྟགས་ཕུལ་བ་དང་། རང་ལྗོངས་སུ་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་གསར་པ་ཞིག་བསྐྲུན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱི་རྗེས་ཤུལ་རྙིང་པ་སྲུང་སྐྱོང་ཉམས་གསོ་དང་མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱི་རྗེས་ཤུལ་རྙིང་པའི་དྲན་གསོ་ཁང་གི་འཛུགས་སྐྲུན་རྣམ་གྲངས་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་བྱས་པའི་2019ལོ་དང་2020ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་གསར་བརྗེའི་རྗེས་ཤུལ་སྲུང་སྐྱོང་རིམ་གྲས་ལས་གྲྭའི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་རེད། རྣམ་གྲངས་དེ་དུས་ཐེངས་གཉིས་ལ་བགོས་ནས་ལེགས་སྒྲུབ་བྱ་རྒྱུ་ཡིན་ཞིང་། དུས་ཐེངས་དང་པོའི་རྣམ་གྲངས་ནི་2019ལོ་འཁོར་དུ་ལེགས་སྒྲུབ་ཟིན་ནས་ཚོགས་ཁང་དང་ཡན་ལག་ལས་དོན་ཨུ་ལྷན་གྱི་གཞུང་ལས་ཁང་སོགས་ཀྱི་རྗེས་ཤུལ་ཁག་གཅིག་ཉམས་གསོ་བྱས་པར་མ་དངུལ་བསྡོམས་སྒོར་ཁྲི་400བཏང་བ་དང་། དུས་ཐེངས་གཉིས་པའི་རྣམ་གྲངས་ལ་མ་དངུལ་བསྡོམས་སྒོར་ཁྲི་2650བཏང་ནས་2020ལོའི་ཟླ་7པར་དངོས་སུ་སྐྲུན་འགོ་ཚུགས་པ་རེད། དྲན་གསོ་ཁང་གི་དུས་ཐེངས་གཉིས་པའི་རྣམ་གྲངས་གསར་སྐྲུན་གྱི་ས་ཁྱོན་ལ་སྨི་ངོས་གྲུ་996ཟིན་པ་དང་། སྦྲག་སྐྱེལ་གློག་འཕྲིན་ཅུས་དང་། རྟ་ར། འདྲུད་འཐེན་འཕྲུལ་འཁོར་ས་ཚུགས། ཚོང་དོན་ཀུང་སི། ཕྱུགས་རིགས་སྨན་པའི་ས་ཚུགས། རྟ་དམག་ཉིང་ལག་རུ་ཁག རྔ་མོང་སྐྱེལ་འདྲེན་རུ་ཁག་སོགས་ཉམས་གསོ་བྱས་པ་དང་སྦྲགས། ཡན་ལག་ལས་དོན་ཨུ་ལྷན་སྐབས་ཀྱི་སྒྲོག་ཙེ་དང་། ཐལ་ཤེལ། ཤིང་སྒམ། སྨན་བཅོས་ཡོ་ཆས། ཐོན་སྐྱེད་ཡོ་བྱད་སོགས་དངོས་པོ་རྙིང་པ་འདྲ་མིན་སྣ་ཚོགས་ཁྱོན་400ལྷག་ཙམ་བསྡུ་རུབ་ཀྱང་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།