དབུ་ཤོག>ཆེད་སྒྲིག
  • ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པ་ཚོས་མཐའ་ཡས་བར་སྣང་དུ་ལྷག་བསམ་རྣམ་དག་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-07-13

    782838_yis_1626105600000_s.jpg

    འདི་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་འཇིག་རྟེན་འཕུར་སྐྱོད་པ་ཡིན་པ། (དཔྱད་གཞིའི་པར་རིས)

    ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འཇིག་རྟེན་འཕུར་སྐྱོད་པའི་རུ་ཆེན་གྱི་འཇིག་རྟེན་འཕུར་སྐྱོད་པ་ཚང་མས་རྒྱལ་ཁབ་སྟོབས་ཆེན་གྱི་ཕུགས་འདུན་སེམས་སུ་འཆང་བ་དང་། དམག་དཔུང་སྟོབས་ཆེན་གྱི་ཕུགས་འདུན་བློ་ལ་བརྟན་པོར་འཆང་བ། འཇིག་རྟེན་འཕུར་སྐྱོད་ཀྱི་ཕུགས་འདུན་ཆེད་རང་སྲོག་བློས་གཏོང་བཅས་བྱས་ནས་བར་སྣང་ཐོག་སྔ་རྗེས་སུ་མི་ཐེངས་14བསྐྱོད་པ་དང་། བར་སྣང་ཐོག་ཉིན་68སྐོར་བ། སའི་གོ་ལར་སྐོར་བ་1069བརྒྱབ་ནས་སྤྱི་ལེ་ཁྲི་4600ལྷག་ཙམ་བསྐྱོད་པ། མི་ཞུགས་འཕུར་སྐྱོད་བྱེད་ཐེངས་6གི་ལས་འགན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་ཏེ་རང་རྒྱལ་གྱི་མི་ཞུགས་འཇིག་རྟེན་འཕུར་སྐྱོད་བྱ་གཞག་ལ་ཕུལ་བྱུང་ལེགས་སྐྱེས་ཕུལ་ཡོད།

    ད་བར་འཇིག་རྟེན་འཕུར་སྐྱོད་པ་11དང་མི་ཐེངས་14ཡིས་མི་ཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་ལས་འགན་ལེགས་སྒྲུབ་བྱས་པ་དང་བར་སྣང་ཐོག་ཀྲུང་གོའི་མཐོ་ཚད་ཡང་ཡང་བཏོད་ཡོད།

    2003ལོའི་ཟླ་10ཚེས་16ཉིན་དབྱང་ལི་ཝུའེ་ཡིས་ལྷ་གྲུ་ཨང་ལྔ་པར་བསྡད་དེ་ཆུ་ཚོད་21དང་སྐར་མ་23སྤྱད་ནས་སའི་གོ་ལར་སྐོར་བ་14བརྒྱབ་པ་དང་སྤྱི་ལེ་ཁྲི་60ཙམ་བསྐྱོད་ནས་མིའི་རིགས་ཀྱིས“སའི་གོ་ལའི་འགུལ་སླེལ་ནས་དོན་པའི”རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་ཀྲུང་གོ་བར་གཏོགས་པའི་གྲངས་གཞི་བཀོད་ཡོད།

    2008ལོའི་ཟླ་9ཚེས་27ཉིན་ཚུའེ་ཀྲི་ཀང་གིས་ལིའུ་པོའོ་མིང་དང་ཅིང་ཧའེ་ཕུང་གི་གཞོགས་འདེགས་དམ་ཟབ་འོག་རང་རྒྱལ་གྱི་བར་སྣང་གྲུ་ཚང་ནས་དོན་པའི་ལས་འགན་ཐོག་མར་ལེགས་སྒྲུབ་བྱས་ཏེ་སའི་གོ་ལའི་ངོས་དང་བར་ཐག་སྤྱི་ལེ་343མཚམས་ཀྱི་བར་སྣང་སྒུལ་ལམ་དུ་ཀྲུང་གོ་བ་དང་འཇིག་རྟེན་ཁམས་ཐད་ཀར་འབྲེལ་གཏུག་ཐེངས་དང་པོ་བྱས་ཡོད།

    2012ལོའི་ཟླ་6ཚེས་18ཉིན་ཅིང་ཧའེ་ཕུང་དང་། ལིའུ་དབང་། ལིའུ་དབྱང་གིས་སུམ་རྩེན་ཨང་དང་པོའི་ནང་འཛུལ་བས་བར་སྣང་ཐོག“ཀྲུང་གོའི་ཁྱིམ”དངོས་སུ་བྱུང་ཡོད།

    2013ལོའི་ཟླ་6ཚེས་26ཉིན་ཉེ་ཧའེ་ཧྲེང་དང་། ཀྲང་ཞའོ་ཀོང་། ཝང་ཡ་ཕིང་བཅས་ཀྱིས་རང་རྒྱལ་གྱི་མི་ཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་བཀོལ་སྤྱོད་རང་བཞིན་གྱི་འཕུར་སྐྱོད་ཐེངས་དང་པོ་བདེ་བླག་ངང་ལེགས་སྒྲུབ་བྱས་ཡོད།

    2016ལོའི་ཟླ་11ཚེས་18ཉིན་ཅིང་ཧའེ་ཕུང་དང་ཁྲེན་ཏུང་གིས་བར་སྣང་ཐོག་དུས་འབྲིང་བཅའ་སྡོད་ཉིན་33བྱས་ནས་རྗེས་མཐུད་ཀྱི་ཀྲུང་གོའི་བར་སྣང་ས་ཚིགས་འཛུགས་སྐྲུན་དང་གཉེར་སྐྱོང་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    ལྷ་གྲུ་ཨང་ལྔ་པ་ནས་ལྷ་གྲུ་ཨང་བཅུ་གཅིག་པ་བར་གྱི་བགྲང་བྱ་13ནང་རང་རྒྱལ་འདི་ཉིད་འཛམ་གླིང་ཐོག་མི་ཞུགས་གནམ་འཕུར་ས་བབས་ལག་རྩལ་རང་བདག་དང་། བར་སྣང་ཚང་དོན་ལག་རྩལ་རང་བདག འབྲེལ་མཐུད་ལག་རྩལ་རང་བརྟེན་རང་བདག་བཅས་ཀྱི་རྒྱལ་ཁབ་གསུམ་པར་གྱུར་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།