
འདི་ནི་ལེའོ་ཅུན་པོས་མེ་ཏོག་ཐོན་སྐྱེད་གནས་ཚུལ་ལ་མཁྱེན་རྟོགས་གནང་བཞིན་པའི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས)
ལེའོ་ཅུན་པོ་ནི་ཧྥུའུ་ཅན་ཕུའུ་ཁྲེང་ནས་ཡིན་པ་དང་། ཀྲུང་གུང་ཏང་ཡོན། 1968ལོའི་ཟླ་8པར་འཁྲུངས་ཤིང་། 1990ལོའི་ཟླ་8པར་ལས་ཀར་ཞུགས། སྐུ་འཚོ་བཞུགས་སྐབས་ཧྥུའུ་ཅན་ནན་ཕིང་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། ཧྲི་ཀྲང་གཞོན་པ། ཀྲེང་ཧོ་རྫོང་ཨུད་ཀྱི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས། ལེའོ་ཅུན་པོ་གཞི་རིམ་དུ་བཞུགས་མེད་ན་གཞི་རིམ་དུ་སྐྱོད་པའི་ལམ་བར་དུ་ཡོད། 2017ལོའི་ཟླ་3ཚེས་18ཉིན། ལེའོ་ཅུན་པོ་ཝུའུ་དབྱི་ཁུལ་གསར་དུ་ཚོགས་འདུ་གཙོ་སྐྱོང་གནང་བར་སྐྱོད་སྐབས་སྟབས་མི་ལེགས་པར་འགྲིམ་འགྲུལ་ལས་འཛོལ་ཐོན་ནས་གཞུང་དོན་དུ་རང་སྲོག་ཤོར་བ་རེད།
2011ལོའི་ཟླ་6པར། ལེའོ་ཅུན་པོ་ཀྲེང་ཧོ་རྫོང་དུ་ཕྱག་ལས་གནང་བར་ཕེབས་ཤིང་། རྫོང་དེ་ནི་ཧྥུའུ་ཅན་ཞིང་ཆེན་གྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་ཞིག་ཡིན་པ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་ཁག་དུས་ཡུན་རིང་པོ་ཞིང་ཆེན་དེ་ཡོངས་ཀྱི་མཇུག་ཤོས་ཡིན། ལོ་ཁ་ཤས་འབད་བརྩོན་བྱས་པ་བརྒྱུད། རྫོང་ཡོངས་ཀྱི་ནོར་སྲིད་ཀྱི་ཡོང་འབབ་བསྡོམས་འབོར་ལྡབ་གཉིས་ལྷག་ཙམ་འཕར་ནས་ལོ་3བསྟུད་མར་ཞིང་ཆེན་དེ་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི“རྩེ་གྲ་བཅུའི”གྲས་སུ་ཚུད་པ་དང་། རྫོང་དབུལ་པོར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། དེའི་ནང་ཞིང་པའི་ཐོན་སྐྱེད་འཕེལ་རྒྱས་ཀྱི“དངུལ་བུན་གཡར་དཀའ་བའི”གནད་དོན་ལ་དམིགས་ཏེ་ལེའོ་ཅུན་པོ་ཡིས་རྫོང་གི་དངུལ་ཁང་ཚང་མར་བསྐྱོད་མཐར་སྒོར་ཁྲི་200སྲིད་གཞུང་གི་ཁག་ཐེག་མ་དངུལ་དུ་བྱས་ནས“ཞིང་གསུམ་གྱི་འབོར་ཉུང་གཏའ་འཇོག་དངུལ་བུན”གྱི་གཏན་འཇགས་རྣམ་པའི་ཡིད་རྟོན་དངུལ་བུན་གཏོང་སྟངས་བཏོན་པ་རེད།
དུས་ཐུང་ལོ་གསུམ་རིང་། ས་གནས་དེ་གའི་སྦྲག་སྲིད་གསོག་འཇོག་དངུལ་ཁང་གིས་ཞིང་སྐྱོར་ཡིད་རྟོན་དངུལ་བུན་སྒོར་ཁྲི་6000ལྷག་ཙམ་བཏང་བས་ཞིང་པ་དུད་ཚང་700ལྷག་ཙམ་ལ་ཕན་པ་ཐོབ་པ་དང་། ཞིང་པར་ཡོང་འབབ་སྒོར་ཁྲི་2000ལྷག་ཙམ་ཡོང་བར་སྐུལ་ཁྲིད་ཐུབ་ནས་རྫོང་དེ་ཡོངས་ཀྱི་མི་འབོར་དབུལ་པོ་ཁྲི་3ལྷག་ཙམ་ཉུང་དུ་ཕྱིན་པ་རེད།
2016ལོའི་ཟླ་10པར། ནན་ཕིང་གྲོང་ཁྱེར་གྱིས་ཝུའུ་དབྱི་ཁུལ་གསར་དེ་ཉིད་འཕེལ་རྒྱས་ཀྱི་འཐབ་ཇུས་ཚད་བརྒལ་སར་བརྩི་རྒྱུའི་གཏན་འཁེལ་བྱས་ཤིང་། ཧྲི་ཀྲང་གཞོན་པ་ལེའོ་ཅུན་པོ་ཡིས་གྲོང་ཁྱེར་གྱི་འཆར་འགོད་འཛུགས་སྐྲུན་གྱི་དོན་དུ་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་ནན་ཕིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་པ་རེད། ལེའོ་ཅུན་པོས་ཝུའུ་དབྱི་ཁུལ་གསར་ཏང་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཅིག་ལྕོགས་གནང་རིང་། “ཁུལ་གསར་འཛུགས་སྐྲུན་གྱི་འགག་སྒྲོལ་དམག་འཐབ”སྒྲིག་འཛུགས་གནང་ནས་ཡུག་ཁུལ་བཀོད་འདོམས་དཔོན་གྱི་འགན་འཁུར་ལམ་ལུགས་ལག་ལེན་བསྟར་བས་ཝུའུ་དབྱི་ཁུལ་གསར་འཛུགས་སྐྲུན་ལ་བྱ་འཕུར་བ་ལྟར་གྱི་འཕེལ་རྒྱས་བྱུང་ཡོད། ཧྥུའུ་ཅན་ཧ་ཡང་གི་ཡང་འགྱུར་འཁོར་སྒམ་དང་ཟོག་འགྲེམས་རླངས་འཁོར་རྣམ་གྲངས་ཉིན་69ལས་མ་འགོར་བར་བསྐྲུན་ཟིན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། ཀྲི་ཀུའུ་མཉེན་ཆས་གླིང་རྣམ་གྲངས་འཛུགས་སྐྲུན་ལ་ཉིན་100ལྷག་ཙམ་ལས་འགོར་མེད་པ་རེད།
2015ལོར་ལེའོ་ཅུན་པོར“རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང་ཨུད་ཧྲུའུ་ཅིའི”མཚན་སྙན་ཐོབ་པ་དང་། 2017ལོར“རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”དང“དུས་རབས་ཀྱི་མིག་དཔེ”སོགས་ཀྱི་གཟི་བརྗིད་མཚན་སྙན་རྗེས་སྤྲོད་བྱས་པ། 2019ལོར“འབད་འཐབ་པ་ཡག་ཤོས”ལ་བདམས་པ་རེད།