དབུ་ཤོག>ཆེད་སྒྲིག
  • སྣེ་ཁྲིད་པ་ཡི་འགན་འཁྲི་ཕྲག་ཏུ་འཁུར། དབུལ་སྒྲོལ་འགག་སྒྲོལ་འབྱོར་འབྲིང་ཕྱོགས་སུ་བསྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-09

    བསོད་ནམས་དབྱངས་ཅན་ནི་1954ལོའི་ཟླ་8པར་ཀོང་པོ་རྒྱ་མདའ་གྲོང་རྡལ་རྒྱལ་སྟེང་གྲོང་ཚོར་སྐྱེས། 1974ལོའི་ཟླ་7པར། ལོ་20ལ་སླེབས་པའི་ཁོང་གིས་བློ་དཀར་སེམས་དཀར་དང་གཟེངས་སུ་ཐོན་པའི་སྤྱོད་ཚུལ་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 1978ལོར་རྩ་འཛུགས་ཀྱི་ཡིད་ཆེས་དང་མང་ཚོགས་ཀྱི་རྒྱབ་སྐྱོར་འོག་བསོད་ནམས་དབྱངས་ཅན་གྱིས་རྒྱལ་སྟེང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་ལས་འགན་ལྕི་པོ་ཁུར་ནས་འབད་བརྩོན་དང་། སྙིང་རུས། བློ་སྟོབས་བཅས་དང་། སྒྲུབ་ཕོད་པ་དང་། ཚོད་ལྟ་བྱེད་ཕོད་པ། གཞན་གྱི་མདུན་དུ་སྐྱོད་ཕོད་པ་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་གྲོང་མི་ཚོའི་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པས་རྒྱ་ཆེའི་གྲོང་མི་ཚོའི་གདེང་འཇོག་བཟང་པོ་ཐོབ་ཡོད།

    སློབ་སྦྱོང་ལ་དགའ་ཞེན་གྱིས་ཚན་ཁག་བཟང་པོ་ཞིག་བཏོད་པ།

    ལས་འགན་ལོ་43འཁུར་རིང་། ཀྲི་པུའུ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱ་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ཁར། ལས་སླ་པོའི་བྱ་བ་ཞིག་ཀྱང་མིན་པས་གོམ་པ་རེ་རེ་བཞིན་བརྟན་པོའི་ངང་སྐྱོད་དགོས་ངེས་ཡིན་པ་བསོད་ནམས་དབྱངས་ཅན་གྱིས་གསལ་པོ་ཤེས་ཀྱི་ཡོད།

    ལས་འགན་འཁུར་ཚུན། བསོད་ནམས་དབྱངས་ཅན་གྱིས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཀྲི་པུའུ་འཛུགས་སྐྱོང་གི་ལྷུ་ཚིགས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་ལམ་ལུགས་སྣེ་ཁྲིད་ཀྱིས་དོན་འཁྱོལ་བྱས་ནས་རང་འགུལ་ངང་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དང་ཏང་འཛུགས་སྐྱོང་ལས་ཀའི་ཤེས་བྱ་སློབ་སྦྱོང་བྱས་ཡོད། ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་སློབ་སྦྱོང་བྱེད་རིམ་བཞིན་ཁོང་གིས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིར་རྒྱུན་ཆད་མེད་པར་སློབ་སྦྱོང་བྱས་ཚེ་གཞི་ནས་རང་ཉིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་གཏོང་ཐུབ་པ་དང་། ནོར་འཁྲུལ་གྱི་འདུ་ཤེས་སྣ་ཚོགས་ཡོ་བསྲང་ཐུབ་པ། དཔའ་ངར་ཆེར་སྐྱེད་དང་ལས་ཀའི་བྱང་ཚད་མཐོ་རུ་ཕྱིན་ཏེ། ཏང་གིས་དཀྲིས་པའི་ལས་འགན་ཁག་སྔར་ལས་ལེགས་པའི་སྒོ་ནས་ལེགས་སྒྲུབ་ཐུབ་ངེས་རེད་ཅེས་སྐུལ་ལྕག་བྱེད་ཀྱི་ཡོད།

    སྒྲུབ་ཕོད་པའི་སྙིང་སྟོབས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུ་ཞིག་བཏོད་པ།

    རྒྱལ་སྟེང་གྲོང་ཚོ་དེ་ཉིད་ཀོང་པོ་རྒྱ་མདའ་རྫོང་གྲོང་དུ་གནས་པ་དང་། འགྲིམ་འགྲུལ་སྟབས་བདེ་ལ་ཁོངས་གཏོགས་ཁུལ་གྱི་རང་བྱུང་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་པས་གྲོང་མི་ཚོས་འབྲུ་རིགས་འདེབས་པ་དང་རི་སྐྱེས་ཐོན་ཁུངས་བསྔོག་རྒྱུ་དེ་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་དང་འབབ་འཕར་ཐབས་ལམ་རྐྱང་པ་ཡིན་པ་རེད། 2011ལོར་རྫོང་གྲོང་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་སོང་བ་དང་བསྟུན་ནས་གྲོང་ཚོའི་ནང་གི་རྨོ་ཞིང་མང་ཆེ་བ་བསྡུ་སྤྱོད་བྱས་པས་མང་ཚོགས་ཁག་གཅིག་འབྲུ་རིགས་བཏབ་ནས་ཟ་བ་དེ་འབྲུ་རིགས་ཉོས་ནས་ཟ་བར་གྱུར། མ་གཞི་ས་ཞིང་བསྡུས་རྗེས་ཁ་གསབ་ཡོད་མོད། འོན་ཀྱང་གྲོང་མིའི་དངུལ་དེ་དག་རྫོགས་པའི་དུས་གཅིག་ཡོད་སྟབས་ཇི་ལྟར་བྱས་ནས་གྲོང་མི་ཚོའི་དངུལ་དེ་དག་རྒྱུན་མཐུད་མང་དུ་འགྲོ་ཐུབ་པ་བྱ་རྒྱུ་ནི་བསོད་ནམས་དབྱངས་ཅན་གྱིས་ཐོག་མཐའ་བར་གསུམ་དུ་བསམ་གཞིག་བྱེད་པའི་གནད་དོན་ཞིག་ཡིན་ཞིང་། རྫོང་གྲོང་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁོང་ལ་ཚོང་སྒྱུར་ཁང་པ་བསྐྲུན་རྒྱུའི་བསམ་བློ་ཞིག་འཁོར།

    བསོད་ནམས་དབྱངས་ཅན་གྱིས་འཕྲལ་དུ་གྲོང་མིའི་ཚོགས་ཆེན་འཚོགས་ནས་བསམ་ཚུལ་དེ་གྲོང་ཚོའི་མང་ཚོགས་ལ་བཤད་པས་རྒྱབ་སྐྱོར་ཤུགས་ཆེན་ཐོབ། དེས་ཁོང་གི་ངར་ཤུགས་སྔར་བས་འཕེལ་ཏེ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་སྣེ་ཁྲིད་དེ་གོང་རིམ་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་འབྲེལ་གཏུག་ཧུར་ཐག་བྱས་ནས་ས་ཆའི་ཐོག་གཟིགས་སྐྱོང་སྲིད་ཇུས་བརྩོན་ལེན་བྱེད་ཐུབ་མོད། འོན་ཀྱང་བསོད་ནམས་དབྱངས་ཅན་ལ་འཕྲད་པའི་དཀའ་གནད་དངོས་ནི་ཚོང་སྒྱུར་ཁང་པ་བསྐྲུན་རྒྱུའི་མ་དངུལ་གྲབས་གསོག་བྱ་རྒྱུ་དེ་རེད། སྐབས་དེར་གྲབས་གསོག་བྱས་པའི་མ་དངུལ་ས་ཞིང་བསྡུས་པའི་ཁ་གསབ་དངུལ་དང་མང་ཚོགས་ཀྱིས་རང་གྲབས་བྱས་པ་ཕུད། ད་དུང་སྒོར་ཁྲི་117འདང་གི་མེད། བསོད་ནམས་དབྱངས་ཅན་གྱིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་མཉམ་དུ་གྲོས་བསྡུར་བྱས་ཏེ་དངུལ་ཁང་ནས་དངུལ་བུན་གཡར་རྒྱུའི་གྲོས་འགོ་བཏོན་པ་མ་ཟད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་སྣེ་ཁྲིད་དེ་དུད་ཚང་རེ་རེ་བཞིན་ལ་སློབ་གསོ་བརྒྱབ་པས་མཐར་དངུལ་ཁང་ནས་དངུལ་བུན་སྒོར་ཁྲི་117གཡར་ཐུབ་པ་བྱུང་ཡོད། 2012ལོར་ཚོང་སྒྱུར་ཁང་པ་བདེ་བླག་ངང་བསྐྲུན་ཟིན་ནས་ལོའི་ཡོང་འབབ་སྒོར་ཁྲི་40.08བྱུང་བ་དེ་ནི་རྒྱལ་སྟེང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་དང་པོ་དེ་ཡིན་པ་རེད།

    སེམས་རྩ་འཁོལ་པོས་ཡུལ་དེའི་མང་ཚོགས་ཀྱི་སེམས་པ་དྲོ་བར་བྱས་པ།

    གྲོང་ཚོར་གནད་དོན་དང་མང་ཚོགས་ལ་གནད་དོན་ཡོད་ཚེ་བསོད་ནམས་དབྱངས་ཅན་གྱིས་གཞུང་དོན་སྔོན་ལ་སྒྲུབ་པ་དང་སྒེར་དོན་རྗེས་སུ་སྒྲུབ་ཀྱི་ཡོད། ལོ་ན་ཆེ་བའི་དབང་གིས་འགུལ་སྐྱོད་སྟབས་བདེ་པོ་མེད་པས། ཁོང་གི་བཟའ་ཟླ་ཁོང་གི་ཁ་ལོ་བར་གྱུར། ཐེངས་ཤིག་གྲོང་ཚོར་ལས་ཀ་ཡོད་པའི་དབང་གིས་ཚ་བོ་ན་རུང་ལྟ་རྟོག་བྱེད་ཁོམ་མ་བྱུང་ཞིང་། ཚ་བོ་སྤུན་མཆེད་ལ་བཅོལ་དགོས་བྱུང་མོད། འོན་ཀྱང་ཁོང་གིས“ཁྱིམ་ཚང་ཆེ་མོའི”ཆེད“ཁྱིམ་ཚང་ཆུང་ངུར”གྱོང་གུན་ཅུང་ཟད་ཕོག་རུང་སྐྱོན་མེད་ཅེས་བཤད།

    རྒྱུན་གཏན་འཚོ་བའི་ཁྲོད་མང་ཚོགས་ལ་དོན་དག་ཆེ་ཆུང་ཧ་ཅང་མང་པོ་འཕྲད་མོད། འོན་ཀྱང“མི་དམངས་ཀྱི་བར་འདུམ་པ”ཞིག་ཡིན་པའི་བསོད་ནམས་དབྱངས་ཅན་གྱིས་རང་ནུས་ཡོད་རྒུས་གནད་དོན་ཚང་མ་ཐག་གཅོད་གང་ཐུབ་བྱེད་ཀྱི་ཡོད་པས་ཚང་མས་མཐེ་བོང་བསྒྲེངས་ཀྱི་ཡོད།

    2021ལོའི་ཟླ་2པར་ལོ་67ལ་སླེབས་པའི་བསོད་ནམས་དབྱངས་ཅན་རྒྱལ་སྟེང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ལས་གནས་ནས་ཁ་བྲལ་ཏེ་ཁོང་གི་ལོ་43གྱི་ཀྲི་པུའུ་ཧྲུའུ་ཅིའི་གཟི་བརྗིད་ལྡན་པའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་འཁུར་མཇུག་འགྲིལ་བ་རེད།

    བསོད་ནམས་དབྱངས་ཅན་ལས་འཁྱུར་ངལ་གསོ་བརྒྱབ་རུང་སྙིང་སྟོབས་མི་ཉམས་པར་སྔར་བཞིན་གསར་དུ་བསྐོ་གཞག་བྱས་པའི་གྲོང་ཚོའི“ཨུ་ལྷན་གཉིས”ལ་ཐབས་ཇུས་ཧུར་ཐག་འདོན་རོགས་བྱེད་པ་དང་མང་ཚོགས་ཀྱི་ཆེད་དུ་ལས་དོན་མང་པོ་ཞིག་སྒྲུབ་རོགས་བྱེད་ཀྱི་ཡོད། ལས་འགན་འཁུར་ཡུན་ལ་དུས་བཀག་ཡོད་རུང་འགན་འཁྲིར་དུས་བཀག་མེད། ཏང་ཡོན་གྱི་ཐོབ་ཐང་གིས་ཁོང་ལ་དཀྲིས་པའི་གཟི་བརྗིད་དང་འགན་འཁྲིར་ངོ་མི་གནོང་བ་བྱ་རྒྱུར་སྐུལ་ལྕག་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།