
འདི་ནི་ལི་ཤང་ཆུན་གྱི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས)
ལི་ཤང་ཆུན་ནི་ཧའེ་ནན་ཆུང་ཧྲན་ནས་ཡིན་ཞིང་། 1978ལོར་འཁྲུངས་པ་དང་ཆུང་དུས་ནས་དམག་མི་བྱེད་པའི་ཕུགས་བསམ་ཡོད་པ་རེད།
1996ལོའི་ཟླ་12པར། ལི་ཤང་ཆུན་རང་དོད་ལྟར་དམག་མིར་ཞུགས་ནས་དེ་སྔའི་ཀོང་ཀྲོའུ་དམག་ཁུལ་ཁང“ཐཱ་ཧྲན་སྲུང་གྲབས་དཔའ་བོའི་དཔུང་སྡེའི”ལེན་ཤོག་9པའི་འཐབ་འཛིང་བར་གྱུར།
1998ལོའི་ཟླ་8ཚེས་4ཉིན། ཕ་ཡུལ་དུ་གཉེན་འཕྲད་ལ་སོང་བའི་ཁོང་གིས་བརྙན་འཕྲིན་ནས་འབྲི་ཆུའི་འབབ་རྒྱུད་དུ་ཆུ་ལོག་ཐོན་པའི་གནས་ཚུལ་མཐོང་རྗེས་འཕྲལ་དུ་འཁོར་ཞག་དོར་ནས་ཀོང་ཤིས་ཀུའེ་ལིན་དུ་བཅའ་སྡོད་ས་སྲུང་བྱེད་བཞིན་པའི་དཔུང་སྡེར་ལོག་པ་དང་། ཉིན་གཉིས་པར་དཔུང་སྡེ་དང་མཉམ་དུ་ཧུའུ་ནན་ཞིང་ཆེན་ཀོང་ཨན་རྫོང་ལ་འབྲུབ་འགོག་གེགས་སེལ་བྱེད་པར་བསྐྱོད།
ཚེས་7ཉིན་གྱི་ཐོ་རེངས་སུ། ལི་ཤང་ཆུན་དང་ལེན་ཤོག་ཡོངས་ཀྱི་དཔོན་དམག་རྣམས་རླངས་འཁོར་ལས་བབས་མ་ཐག་ངལ་གསོ་རྒྱག་ཁོམ་མེད་པར་ཆུ་རགས་བརྟན་དུ་གཏོང་བ་སོགས་གེགས་སེལ་དམག་འཐབ་ལ་ཞུགས། ཆུ་ལོག་འགོག་པར་ཞུགས་ཐེངས་དང་པོ་ཡིན་ཡང་ལི་ཤང་ཆུན་གྱིས་མདུན་ཕྱོགས་སུ་གདོང་མཆོང་བྱས་ནས་དོ་པོ་ཐེངས་50དབོར་བར་གྱོན་ཆས་ཡོངས་རྔུལ་ཆུས་བརླན། མཚན་མོ་གཟུགས་པོ་འཁྲུ་སྐབས་འཐབ་འཛིང་བ་ཚོས་ཁོང་གི་དཔུང་པ་གཉིས་ཀ་སྐྲངས་སྦོས་ཐེབས་པ་མཐོང་།
མཚན་མོར་ངལ་དུབ་ཆེ་བའི་དཔོན་དམག་ཚོ་གཉིད་དུ་ཡུར། ལི་ཤང་ཆུན་དང་པན་ཀྲང་ཝང་ཧྲའོ་ཡར་ལངས་ནས་ཆུ་རགས་ལ་སྐོར་ཞིབ་བྱེད་པར་བསྐྱོད། ཁོ་གཉིས་ཅིང་ཅང་གཙང་པོའི་རགས་ཆེན་གྱི་ཏཱ་ཁོ་གྲོང་ཚོའི་དུམ་བུར་སྐོར་ཞིབ་བྱེད་སྐབས་འབྲས་ཞིང་དུ་ཁ་ཞེང་ལ་ལི་སྨི་31ཡོད་པའི་ཁུང་བུ་ཆེན་པོ་ཞིག་ནས་ཆུ་ཤོར་ཏེ་གྲམ་རྡོ་འཁྱེར་ཡོང་བའི་གནས་ཚུལ་ཛ་དྲག་པོ་མཐོང་།
“མགྱོཌ་པོ་བརྡ་ཐོངས”ཞེས་ལི་ཤང་ཆུན་གྱིས་སྐད་ཆེན་པོ་བརྒྱབ་རྗེས་འཕྲལ་མར་ཉེ་འགྲམ་གྱི་བྱེ་ཁུག་ཡོད་སར་བརྒྱུགས་ནས་བྱེ་ཁུག་གཉིས་པང་དུ་བླངས་ཏེ་ཆུ་དོན་སའི་ཁུང་བུ་བཀག ཁོང་གི་གདོང་ལ་འདམ་རྫབ་ཀྱིས་ཁེངས་ཤིང་། གྲམ་རྡོས་ལག་པ་རྨས་ཀྱང་གཟུགས་པོས་བྱེ་ཁུག་མནན་ནས་རོགས་སྐྱོར་དཔུང་ཁག་མ་སླེབས་བར་དུ་སྡུག་རུས་བྱས། ནམ་ལངས་རྗེས་ཉེ་འགྲམ་གྱི་འབྲས་ཞིང་དུ་ད་དུང་ཁུང་བུ་མང་པོ་ཞིག་ནས་ཆུ་དོན་པ་མཐོང་བས་ཕའེ་ཀྲང་གིས་ལི་ཤང་ཆུན་ལ་ངལ་གསོ་རུ་བཅུག་ཀྱང་། ལི་ཤང་ཆུན་གྱིས“གནད་འགག་འདི་འདྲའི་སྐབས་སུ་མཚམས་བཞག་ན་འཕྲལ་སྒྲུབ་རུ་མི་ག་ལ་ཡིན”ཞེས་ཤོད་བཞིན་བྱེ་ཁུག་ཁུར་ནས་ཆུ་རགས་འགོག་པའི་གེགས་སེལ་དམག་འཐབ་ལ་ཞུགས།
ཟླ་8ཚེས་14ཉིན། ལི་ཤང་ཆུན་འཐབ་ས་དང་པོར་ཏང་ལ་ཞུགས་པ་དང་། ཆུ་ལོག་འགོག་རིང་ལི་ཤང་ཆུན་གྱིས་ན་ཚ་བཟོད་བསྲན་གྱིས་དཀའ་སྤྱད་འབད་འཐབ་བྱས་ཏེ་རགས་སྟེང་དུ་དྲན་པ་ཐེངས་4འཐོར་བ་དང་མཐར་ངལ་དུབ་ཆེ་དྲགས་ནས་གཟི་བརྗིད་ལྡན་པའི་ངང་སྐུ་གཤེགས་ཤིང་། སྐབས་དེ་དུས་གཞི་ནས་ལོ་20རེད།
ལི་ཤང་ཆུན་སྐུ་གཤེགས་རྗེས་དེ་སྔའི་ཀོང་ཀྲོའུ་དམག་ཁུལ་ཁང་གིས་ཁོང་ལ“འབྲུབ་འགོག་དཔའ་བོའི”གཟི་བརྗིད་མཚན་སྙན་སྤྲད་པ་དང་འབྲེལ། ཁོང་སྐུ་འཚོ་བཞུགས་སྐབས་ཀྱི་བཅུ་ཤོག་ལ“ལི་ཤང་ཆུན་གྱི་བཅུ་ཤོག”དང་ལེན་ཤོག་ལ“ལི་ཤང་ཆུན་གྱི་ལེན་ཤོག”ཅེས་བཏགས་པ་རེད། 1999ལོར་ཀྲུང་དབྱང་དམག་ཨུད་ཀྱིས་ལི་ཤང་ཆུན་ལ“དུས་རབས་གསར་པའི་དཔའ་བོ་འཐབ་འཛིང་བའི”གཟི་བརྗིད་མཚན་སྙན་སྤྲད་པ་རེད། 2018ལོར་ལི་ཤང་ཆུན་དམག་ཡོངས་ཀྱིས་སྐུ་པར་འགེལ་བའི་དཔའ་བོ་དཔེ་བཟང་ལ་གྱུར་པ་དང་། 2019ལོར“འབད་འཐབ་པ་ཡག་ཤོས”ཀྱི་མཚན་སྙན་ཐོབ་པ་རེད།