“ལོ་རྒྱུས་དཔྱད་གཞིར་བཟུང་ནས་འབྱུང་འགྱུར་གཏོད་པར། ངེས་པར་དུ་ཏང་འཛུགས་སྐྱོང་གི་རླབས་ཆེན་གྱི་འདུ་འགོད་གསར་པར་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས”ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རེའི་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་ཟབ་མོ་གནང་ནས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་གྱི་འདུ་འགོད་གསར་པར་མུ་མཐུད་སྐུལ་འདེད་གཏོང་དགོས་ཞེས་ཁ་གསལ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཀྱི་ཉམས་མྱོང་འདུས་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་འབད་འབུངས་མདུན་སྐྱོད་བྱེད་པའི་ཁ་ཕྱོགས་བསྟན་གནང་བར་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད་པ་རེད།
“ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱ་རྒྱུ་ནི་ཏང་འཛུགས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བ་དང་སྲིད་སྐྱོང་གི་གནས་བབ་སྲ་བརྟན་དུ་གཏོང་བའི་རྩ་བ་ཡིན”གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་རིན་སྤུངས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་གྱིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཏང་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུའི་དོན་སྙིང་གལ་ཆེན་གསལ་བཏོན་གནང་བ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་ངོས་ཀྱི་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་ཐད་ཐུགས་རེ་ཟབ་མོ་གནང་ཡོད། ང་ཚོས་གཞི་རིམ་དང་མང་ཚོགས་ལ་ཞབས་འདེགས་ཞུ་རིང་གུང་ཁྲན་ཏང་ཡོན་ལ་ལྡན་དགོས་པའི་གོ་རྟོགས་དང་རང་གཤིས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་སྤྱོད་ཚུལ་མཐའ་འཁྱོངས་དང་དར་སྤེལ་གཏོང་བ། སྲིད་འཛིན་ནུས་པ་དང་འགོ་ཁྲིད་ཀྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ། ཉེན་ཁ་འགོག་ནུས་དང་རུལ་རྒོལ་འགྱུར་འགོག་གི་ནུས་པ་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ། ཕུགས་བསམ་དང་དད་སེམས་ལ་ཞུན་བརྡར་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་བཅས་བྱས་ཏེ། ཏང་འཛུགས་སྐྱོང་གི་རླབས་ཆེན་གྱི་འདུ་འགོད་གསར་པ་མདུན་ཕྱོགས་སུ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་གཞི་རྩ་བརྟན་དུ་གཏོང་དགོས”ཞེས་བཤད་པ་རེད།“ང་ཚོས་ཀྲུང་གོའི་ཉེ་རབས་ཚུན་གྱི་ལོ་རྒྱུས་ཤེས་རྟོགས་གཏིང་ཟབ་བྱས་ཚེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མེད་ན་རང་རེའི་རྒྱལ་ཁབ་ལ་ད་ལྟའི་གྲུབ་འབྲས་འཐོབ་མི་སྲིད་པ་དང་ད་ལྟའི་རྒྱལ་སྤྱིའི་གནས་བབ་ཀྱང་ཡོང་མི་སྲིད་པ་ནི་རྟོགས་དཀའ་བ་ཞིག་མིན” ལྷ་ས་གྲོང་ཁྱེར་དྲ་སྦྲེལ་ལས་རིགས་ཀྱི་ཏང་ཨུད་ཀྱི་ཨུ་ཡོན་ལྷ་ས་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ་སློབ་གྲྭ་ཆེ་མོ་བའི་ལས་གཏོད་དཔེ་སྟོན་གླིང་གི་ཏང་ཀྲི་པུའི་ཧྲུའུ་ཅི་བསྟན་འཛིན་ནོར་བུས།“ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡོད་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ལ་བརྩི་བཀུར་དང་རྒྱབ་སྐྱོར་བྱས་པས། གཞི་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མང་པོ་གཏོད་ཐུབ་ཡོད། ང་ཚོས་ངེས་པར་དུ་ཏང་གིས་སྤྱི་ཡོངས་ལ་སྟངས་འཛིན་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་གང་ལེགས་བཏོན་ཏེ། ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་རྒྱུན་ཆད་མེད་པར་འཕེལ་བར་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་ཐུབ་པར་བྱས་ནས། ཏང་ཐོག་མཐའ་བར་གསུམ་དུ་རླབས་ཆེན་བྱ་གཞག་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་ཀྱི་སྲོག་ཤིང་དུ་འགྱུར་བའི་འགན་ལེན་བྱེད་དགོས”ཞེས་བཤད་པ་རེད།
བོད་ཞི་བས་བཅིངས་འགྲོལ་བཏང་བ་དང“ལོ་མཉམ”ཡིན་པའི་ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ལ་ཞུགས་ནས་ལོ་54ཟིན་པ་དང་། རྒན་ཡོལ་ཞུས་པའི་ལས་བྱེད་པ་ཚེ་རིང་ནི་བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་གི་དཔང་པོ་དང་། དངོས་སུ་རྒྱུད་མྱོང་བ། ཞུགས་པ་པོ་བཅས་རེད། “ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་གྱི་ལོ་རྒྱུས་ཐོག་བརྗིད་ཉམས་ལྡན་པའི་ལེའུ་བརྩམས་ཡོད། དུས་རབས་གསར་པར་ང་ཚོས་གཟི་བརྗིད་དེ་བས་ཆེ་བའི་འགན་འཁྲི་འཁུར་དགོས”ཚེ་རིང་གིས་བརྩེ་བ་ཟབ་མོས་བོད་མི་དམངས་ཀྱི་སྔར་བས་མཛེས་སྡུག་ཡིད་དབང་འཕྲོག་པའི་མ་འོངས་པ་དང་། སྔར་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བའི་ཆེད་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཇུས་བཀོད་གནང་བའི་བརྗིད་ཆེའི་འཆར་གཞི་ལྟར། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་དང་། ལོ་བརྒྱའི་ཏང་གི་ལོ་རྒྱུས་ཁྲོད་ནས་དམངས་ལ་བདེ་སྐྱིད་དོན་གཉེར་དང་མི་རིགས་བསྐྱར་དར་ཡོང་ཐབས་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། ཕུལ་བྱུང་གི་སྤྱོད་ཚུལ་ལ་བརྟེན་ནས་མང་ཚོགས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་བཤད་པ་རེད།