དབུ་ཤོག>ཆེད་སྒྲིག
  • གནམ་ས་འགུལ་བའི་བྱ་བ་བསྒྲུབས། རང་མིང་གསང་མཁན་མི་ཞིག་བྱེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ལིའུ་ཞའོ་ཡུས།   |     སྤེལ་དུས།  2021-07-07

    360截图20210707092127129.jpg

    འདི་ནི་ལིན་ཅུན་ཏེའི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས)

    ལིན་ཅུན་ཏེ་ནི་ཀྲུང་གོའི་འབར་གས་ཤུགས་རིག་དང་ཉིང་རྡུལ་ཚོད་ལྟ་ལས་གྲྭའི་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གྲགས་ཅན་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་རེད། ཁོང་གིས་རང་མིང་ངོ་མ་གསང་ནས་རང་རྒྱལ་གྱི་རྒྱལ་སྲུང་ཚན་རྩལ་ཁྱབ་ཁོངས་སུ་ལོ་50ལྷག་ཙམ་གཞོལ་ཡོད། 1990ལོར་རྒྱལ་ཁབ་ཀྱིས་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་དར་མ་དང་ན་གཞོན་རིགས་གཅིག་མཁས་ཅན་ལ་བདམས་པ་དང་། 1999ལོར་ཆེད་མངགས་གདན་དྲངས་པ་ལྟར“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་དམིགས་བསལ་ལེགས་སྐྱེས་འབུལ་མཁན་ཚན་རྩལ་རིགས་གཅིག་མཁས་ཅན་གྱི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་པ་རེད།

    1955ལོར་དགུང་ལོ་17ལ་ཕེབས་པའི་ལིན་ཅུན་ཏེ་ཧྥུའུ་ཅན་ཡུང་ཁྲུན་རི་ཁུག་ནས་ཐོན་ཏེ་ཀྲེ་ཅང་སློབ་ཆེན་གྱི་འཕྲུལ་ཆས་ཚན་ཁག་ཏུ་རྒྱུགས་འཕྲོད།

    1960ལོའི་ཟླ་9པར། ལིན་ཅུན་ཏེ་སློབ་ཆེན་ནས་མཐར་ཕྱིན་མ་ཐག་རྒྱལ་སྲུང་ཚན་རྩལ་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ཞིབ་འཇུག་ཁང་ཞིག་ཏུ་ལས་ཀ་བྱས། 1963ལོར་ཧར་པིན་དམག་དོན་བཟོ་ལས་སློབ་གླིང་དུ་ཟབ་སྦྱོང་གནང་ནས་ཕྱིར་ལོག་མ་ཐག་པའི་ལིན་ཅུན་ཏེར་རྩ་འཛུགས་ཀྱི་བརྡ་ཐོ་འབྱོར་ནས་ཁོང“ཉིང་རྡུལ་ཚོད་ལྟ་དང་སྐྱོམ་ཤུགས་ཚད་ལེན་འཕྲུལ་ཆས་ཞིབ་བཟོ་ཚོགས་ཆུང་གི་ཙུའུ་ཀྲང”ལ་བསྐོ་གཞག་བྱས་པ་རེད།

    ཉིང་རྡུལ་ཚོད་ལྟ་རྟེན་གཞིར་ལིན་ཅུན་ཏེས་ཚོགས་ཆུང་གི་སྣེ་འཁྲིད་དེ་ཉིང་རྡུལ་འབར་གས་ཀྱི་སྐྱོམ་ཤུགས་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་གནོན་ཤུགས་རང་བཞིན་ཐོ་འགོད་ཡོ་བྱད་ཞིབ་བཟོ་བྱས་པ་རེད། ཚོད་ལྟའི་སྒྲིག་ཆས་མེད་པ་དང་ལག་རྩལ་རྒྱུ་ཆ་མེད་པའི་དཀའ་སྡུག་ཆེ་བའི་ཁོར་ཡུག་འོག ལིན་ཅུན་ཏེས་ཆུ་ཚོད་འཁོར་ལོའི་སོ་འཁོར་དང་འཁོར་ལོའི་རྒྱུ་མ་སྒུལ་ཤུགས་སུ་བྱས་ཏེ་ཆུ་ཚོད་རྣམ་པའི་གནོན་ཤུགས་རང་བཞིན་ཐོ་འགོད་ཡོ་བྱད་ཇུས་འགོད་གནང་། ཁོང་གིས་སྟབས་བདེ་བའི་བྱེད་ཐབས་དང་གསར་གཏོད་ཀྱི་བསམ་གཞིག་ལ་བརྟེན་ནས་རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་གནང་བ་དང་། རང་རྒྱལ་གྱི་ཉིང་རྡུལ་མཚོན་ཆ་ཚོད་ལྟ་བྱེད་ཐེངས་རིམ་བྱུང་ཁྲོད་རང་བཞིན་ཐོ་འགོད་ཡོ་བྱད་དེ་རིགས་ཀྱིས་ནུས་པ་གལ་ཆེན་ཐོན་ཡོད།

    ཚོད་ལྟ་གལ་ཆེན་པོ་ཡིན་ཕྱིན། ཁོང་གིས་ཡུལ་དངོས་སུ་ཕེབས་ནས་ཚོད་ལྟའི་སྣང་ཚུལ་པར་ལེན་པ་དང་ཚོད་ལྟའི་གྲངས་གཞི་ཟིན་ཐོར་འགོད་ཀྱི་ཡོད། ལིན་ཅུན་ཏེ་ཡིས་གྲངས་གཞི་ཁུངས་བཙན་ལ་བརྟེན་ནས་འཛམ་གླིང་ཡོངས་ལ་ཀྲུང་གོའི་རྡུལ་ཕྲན་འབར་མདེལ་དང་པོ་དེ་འབར་གས་ལེགས་གྲུབ་བྱུང་བ་ར་སྤྲོད་གནང་ཡོད།

    2012ལོའི་ཟླ་5ཚེས་4ཉིན། ལིན་ཅུན་ཏེར་མཁྲིས་པའི་འབྲས་སྐྲན་ཕོག་ཅིང་། རང་ཉིད་ཀྱི་རིག་གཞུང་བསམ་བློ་དང་ལག་རྩལ་བསམ་ཕྱོགས་གང་མགྱོགས་བརྒྱུད་སྤྲོད་བྱ་ཆེད། ཁོང་གིས་གཤགས་བཅོས་དང་རྫས་འགྱུར་སྨན་བཅོས་བྱེད་མཚམས་བཞག་པ་རེད། ནད་གཞི་གློ་བུར་དུ་ཇེ་སྡུག་ཏུ་སོང་བ་དང་ནད་གཞི་ལྕི་བའི་ལྟ་སྐྱོང་ཁང་དུ་བསྐྱལ་ནས་ལས་ཀ་བྱེད་མི་ཐུབ་སྟབས་ཁོང་གིས་ནད་ཁང་དཀྱུས་མར་བསྒྱུར་དགོས་པའི་རེ་བ་ནན་པོ་བཏོན། “ང་ནི་ཉིང་རྡུལ་ཚོད་ལྟ་བྱེད་མཁན་ཞིག་ཡིན་པས་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་འཆི་རྒྱུར་མི་སྐྲག ད་ལྟ་དགོས་མཁོ་ཆེ་ཤོས་ནི་དུས་ཚོད་རེད”ཅེས་གསུངས། ཚེ་སྲོག་གི་མཐའ་མའི་དུས་སུ། ལིན་ཅུན་ཏེས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གནང་ནས་ཚན་ཞིབ་དཔྱད་གཞིའི་ཡིག་རིགས་གལ་ཆེན་ལེགས་སྒྲིག་གནང་། 2012ལོའི་ཟླ་5ཚེས་31ཉིན་ལིན་ཅུན་ཏེ་ནད་གཞིས་རྐྱེན་པས་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ་74ཡིན་པ་རེད།

    ལིན་ཅུན་ཏེས་བྱས་རྗེས་རིམ་པ་དང་པོ་ཐེངས་1དང་། བྱས་རྗེས་རིམ་པ་གཉིས་པ་ཐེངས་1 བྱས་རྗེས་རིམ་པ་གསུམ་པ་ཐེངས་2བཅས་བཞག་གནང་བར་ཀྲུང་དབྱང་དམག་ཨུད་ཀྱིས“རྒྱལ་སྲུང་ཚན་རྩལ་བྱ་གཞག་ལ་ལེགས་སྐྱེས་འབུལ་མཁན་ཕུལ་བྱུང་ཚན་རིག་པའི”མཚན་སྙན་སྤྲད་པ་དེ་ནི་དམག་ཡོངས་ཀྱི་དཔའ་བོ་དཔེ་བཟང་གི་མཚན་སྙན་ཞིག་རེད། 2019ལོའི་ཟླ་9ཚེས་25ཉིན་ལིན་ཅུན་ཏེར“འབད་འཐབ་པ་ཡག་ཤོས”ཀྱི་མཚན་སྙན་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།