དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རིམ་བྱུང་ངོ་སྤྲོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-07-07

    17 ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པའི་ངོ་སྤྲོད་མདོར་བསྡུས།

    2007ལོའི་ཟླ་10ཚེས་15ཉིན་པེ་ཅིང་དུ་འཚོགས་ཤིང་། ཧུའུ་ཅིན་ཐའོ་ཡིས《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་གསར་པ་ལེན་ཆེད་འབད་འབུངས་བྱེད་དགོས》པའི་སྙན་སྒྲོན་གནང་བ་རེད། ཚོགས་ཆེན་འདིའི་མངོན་གསལ་དོད་པའི་ལེགས་སྐྱེས་ནི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་དུས་རབས་ཀྱི་རྒྱབ་ལྗོངས་དང་། ཚན་རིག་དང་མཐུན་པའི་ནང་དོན། དགོངས་དོན་གྱི་ངོ་བོ་བཅས་ལ་རྒྱས་བཤད་གཏིང་ཟབ་བྱས་པ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པར་བླང་བྱ་ཁ་གསལ་བཏོན་ཡོད། ཐེངས་འདིའི་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། མུ་མཐུད་བསམ་བློར་བཅིངས་འགྲོལ་གཏོང་བ། སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཕྱོཌ་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་གསར་པ་ལེན་ཆེད་འབད་འབུངས་བྱེད་དགོས་པ་དེ་རེད།

    ཚོགས་ཆེན་ཐོག《<ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)>སྐོར་གྱི་གྲོས་ཆོད》ལ་གྲོས་འཆམ་བྱུང་ནས་བཟོ་བཅོས་འཆར་ཟིན་འདི་གྲོས་འཆམ་བྱུང་བའི་ཉིན་ནས་བཟུང་གོ་ཆོད་པའི་གཏན་འབེབས་བྱས་པ་རེད། ཚོཌ་ཆེན་ཐོག་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ཏང་གི་སྒྲིག་ཡིག་ཏུ་འགོད་རྒྱུར་མོས་མཐུན་མགྲིན་གཅིག་ཏུ་བྱུང་བ་རེད།

    (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།