དབུ་ཤོག>ཆེད་སྒྲིག
  • ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་དུས་རབས་ཀྱི་བསྟོད་གླུ་ལེན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-06

     ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཏང་གི་ལོ་ངོ་བརྒྱའི་རྒྱང་སྐྱོད་ལམ་བུར་བསྟོད་གླུ་འབུལ་བ་དང་ཏང་གི་རླབས་ཆེན་བྱས་རྗེས་ལ་བསྟོད་ར་ཕུལ་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་མང་ཚོགས་ཚོས་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། རིམ་ཁག་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ནུས་དང་། འབོད་སྐུལ་ནུས་པ། དམག་འཐབ་ནུས་པ་བཅས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་པ་རེད།

    མངའ་རིས་ས་ཁུལ་གྱིས“དར་དམར་ལྷབ་ལྷུབ་གཡོ་བཞིན་སེམས་པ་ཏང་ལ་ཕྱོགས། ལག་གདང་དམ་པོར་སྦྲེལ་ནས་མངའ་རིས་གསར་པ་གཏོད”ཅེས་བརྗོད་དོན་གཙོ་བོའི་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་བརྗོད་དོན་གཙོ་བོའི་རིག་རྩལ་མཚན་ཚོགས་འཚོགས་པ་དང་། འདི་ནི་བརྗོད་དོན་མངོན་གསལ་དོད་པའི་གསར་བརྗེའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་རེད། མཚན་ཚོགས་ཐོག་ཞབས་བྲོ《སྐྱ་རེངས་ཕྱོགས་སུ་སྐྱོད》ཅེས་པ་འཁྲབ་ནས་མཚན་ཚོགས་འཚོགས་འགོ་ཚུགས་པ་དང་། 《ནམ་ཡང་ཏང་གི་རྗེས་སུ་འབྲང》དང《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ》སོགས་ཀྱི་གསར་བརྗེའི་གླུ་གཞས་བླངས་ཏེ། སྙན་པའི་འགྱུར་ཁུག་ལ་བརྟེན་ནས་སྤྱིར་བཏང་མིན་པའི་ལོ་ཟླ་བསྐྱར་དྲན་བྱས། ཞབས་བྲོ《ཏང་གི་འོད་ཟེར་མཐའ་མཚམས་ལ་ཕྱོགས》སོགས་ཀྱི་རྣམ་པའི་ཐོག་ནས་མངའ་རིས་མང་ཚོགས་ཚོའི་ཉིན་བཞིན་མཛེས་སྡུག་ལྡན་པའི་འཚོ་བ་མངོན་པ། དགོད་བྲོའི་གཏམ་གླེང་དང་། སི་ཁྲོན་གྱི་ཁྲང་ཞི། འཁྲབ་ཚན་ཐུང་ངུ་བཅས་ཀྱི་ཐོག་ནས་ཏང་ལ་དགའ་ཞེན་དང་དེ་བཞིན་ཏང་གི་ལོ་ངོ་100ཡི་འཁྲུངས་སྐར་ལ་སྨོན་འདུན་ཟབ་མོ་ཞུ་ལུགས་མཚོན་པར་བྱས་ཡོད།

    ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བ་དང་། ཏང་ལ་དགའ་ཞེན་དང་། ཏང་ལ་ཡིད་ཆེས། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་རྣམ་པ་ཟབ་མོ་ཧུར་ཐག་གཏོད་པ། ཏང་གི་གོང་བུ་འགྲིལ་ཤུགས་དང་འབོད་སྐུལ་ནུས་པ་མངོན་པ་བཅས་བྱ་ཆེད། བོད་ལྗོངས་ཁྲུང་ཆིང་ན་གཞོན་ཁེ་ལས་མཁས་ཅན་ཚོང་ཚོགས་ཀྱིས་ཆབ་མདོའི་བཅིངས་འགྲོལ་ཐང་ཆེན་དུ་ཏང་ཡོན་གྱིས་ཏང་ཞུགས་དམ་བཅའ་བསྐྱར་འཇོག་དང་ཏང་ཡོན་གསར་པས་ཏང་ཞུགས་དམ་བཅའ་འཇོག་པའི་བྱེད་སྒོ་སྤེལ་བ་རེད། དེ་རྗེས་བྱེད་སྒོ་སྤེལ་སར་མི་ཚང་མས་མཉམ་དུ《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》ཅེས་པའི་གླུ་གཞས་བླངས་ཏེ་ཏང་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་སྨོན་འདུན་ཞུ་ལུགས་མཚོན་པར་བྱས་པ་རེད།

    ཉེ་ཆར། བོད་ལྗོངས་ལག་རྩལ་དགེ་རྒན་སློབ་གླིང་གིས“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་དང“ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ”བཅས་ཀྱི་རིག་རྩལ་སྐོང་འཁྲབ་བྱས་པ་དང་། སློབ་གླིང་ཡོངས་ཀྱི་དགེ་རྒན་ལས་བཟོ་དང་སློབ་མ་ཚོས་འཁྲབ་སྟོན་བྱས་པ་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་དྲན་གསོ་བྱས་པས། སློབ་གླིང་ཡོངས་ཀྱི་དགེ་རྒན་ལས་བཟོ་དང་སློབ་མའི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་པ་དེ་བས་ཆེ་རུ་ཕྱིན་ཡོད། དེ་དང་དུས་མཚུངས། ཚོགས་ཆེན་ཐོག་ད་དུང་ཕུལ་བྱུང་ཏང་དོན་ལས་དོན་པ་གཉིས་དང་། ཕུལ་བྱུང་ཏང་ཡོན་13 སྔོན་ཐོན་ཏང་ཀྲི་པུའུ་1བཅས་ལ་གཟེངས་བསྟོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།