དབུ་ཤོག>ཆེད་སྒྲིག
  • མིག་དཔེའི་སྟོབས་ཤུགས་བསྡུ་ལེན་གྱིས། སྙིང་སྟོབས་ཁྲག་རྒྱུན་རྒྱུན་འཛིན་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-02

    ཟླ་6ཚེས་29ཉིན་གྱི་སྔ་དྲོར། “བདུན་གཅིག་བྱས་རྗེས་གཟེངས་རྟགས”སྤྲོད་པའི་མཛད་སྒོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཚོར་གཟེངས་རྟགས་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་གཟེངས་རྟགས་སྤྲོད་པའི་མཛད་སྒོ་གཟབ་རྒྱས་ཀྱི་གནས་ཚུལ་ལྟ་ཉན་བྱས་ཤིང་། ཚང་མས་གཅིག་རྗེས་གཉིས་མཐུད་ངང“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཚོ་མིག་དཔེར་བྱས་ཏེ། གུང་ཁྲན་ཏང་མིའི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་གུང་ཁྲན་ཏང་མིའི་སྙིང་སྟོབས་དང་ཁྲག་རྒྱུན་རྒྱུན་འཛིན་གྱིས་སྤྲོ་སེམས་དེ་བས་ཆེན་པོས་མི་དམངས་ལ་ཞབས་འདེགས་ཞུས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

    “‘བདུན་གཅིག་བྱས་རྗེས་གཟེངས་རྟགས’ཐོབ་མཁན་ཀྲང་ཀུའེ་མེ་ནི་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་མཁན་གྱི་དཔའ་མོ་དཀྱུས་མ་ཞིག་རེད། ཁོང་གིས་ལོ་46རིང་ཉིན་གཅིག་ལ་དཔེ་བཞག་པ་ལྟར་རི་ཁུལ་དུ་སློབ་སྐྱོར་ལས་ལ་ཞུགས་ནས་སྤྱིར་བཏང་གི་ལས་གནས་ཐོག་ལེགས་སྐྱེས་ཕུལ་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་གུང་ཁྲན་ཏང་མིའི་དམ་བཅའ་དོན་འཁྱོལ་གནང་ཡོད། སློབ་གསོའི་ལས་དོན་པ་ཞིག་གི་ངོས་ནས་ངས་ཁོང་མིག་དཔེར་བྱས་ཏེ་སྤྱིར་བཏང་གི་ལས་གནས་ཐོག་སློབ་ཁྲིད་ཡག་པོ་དང་མི་སྣ་གསོ་སྐྱོང་ཡག་པོ་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་བོད་ཀྱི་ལས་རིགས་སློབ་གསོར་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་ནུབ་བྱང་ཞིང་ལས་ནགས་ལས་ཚན་རྩལ་སློབ་ཆེན་གྱི་ཀྲུང་དབྱང་གི་ཁག་བརྒྱད་པ་དང་དགུ་པའི་བོད་སྐྱོར་ལས་བྱེད་པ་དང་། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ཏང་ཨུད་ཀྱི་ཨུ་ཡོན། ཡོན་ཀྲང་གཞོན་པ་བཅས་ཡིན་པའི་ཁྲེང་ཤའོ་དབྱིང་གིས་དེ་ལྟར་བཤད།

    སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མས་རྒྱལ་གཅེས་མཐའ་སྲུང་སྙིང་སྟོབས་ཀྱི་རྒྱུན་འཛིན་པ་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སྒྲོལ་དཀར་ལ“བདུན་གཅིག་བྱས་རྗེས་གཟེངས་རྟཌ”གནང་བ་མཐོང་སྐབས། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་དུས་བཞི་བཀྲ་ཤིས་གྲོང་ཚོའི་ཏང་ཀྲི་པུའི་དྲིལ་བསྒྲཌ་ཨུ་ཡོན་དང་བུད་མེད་ཀྲུའུ་རེན་གཅིག་ལྕོཌ་བསོད་ནམས་སྒྲོལ་དཀར་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཁོང་གིས“སླད་ཕྱིན་ལས་དོན་དང་འཚོ་བའི་ཁྲོད་ངས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ་དང་སྒྲོལ་དཀར་མིག་དཔེར་བྱས་ཏེ་ཀུན་སེམས་གཅིག་སྒྲིལ་གྱིས་མེས་རྒྱལ་གྱི་བླ་ན་མེད་པའི་མངའ་ཁོངས་ཀྱི་ས་ཆ་བསྲུངས་ཏེ་ཐུན་མོང་ཐོག་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ་ཡིན”ཞེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།