དབུ་ཤོག>ཆེད་སྒྲིག
  • མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆར་སྒྱུར་བཅོས་བཏང་། དགའ་སྐྱིད་ཆབ་མདོའི་གསོན་ཤུགས་རབ་ཏུ་རྒྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-01

    p25_s (2).jpg

    ཆབ་མདོ་གྲོང་ཁྱེར་གྱི་མཚན་ལྗོངས།

    p27_s (4).jpg

    ཚྭ་ཁ་ལྷོའི་བུ་མོས་ཚྭ་ཞིང་ནས་ཚྭ་བསྡུ་བཞིན་པ།

    p33_s (2).jpg

    གོ་འཇོའི་ཁྱད་ལྡན་ཐོན་ཟོག་ཨ་དབང་ལུག

    p29_s (5).jpg

    སྨར་ཁམས་རྫོང་གི་ཁྱད་ལྡན་རྒུན་འབྲུམ་ཐོན་ལས་ལྡུམ་རར་ལས་མིས་རྒུན་འབྲུམ་འཐུ་བཞིན་པ།

    p31_s (3).jpg

    ཆབ་མདོར་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་སྐབས་འཁྲབ་སྟོན་བྱེད་བཞིན་པ།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན། ཆབ་མདོ་གྲོང་ཁྱེར་གྱིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ལ་དམ་པོར་དམིགས་པ་དང་།“ཁག་གཅིག་རེ་ལྔ”དང“གནད་སྨིན་དྲུག”དོན་འཁྱོལ་ནན་པོ་བྱས་ནས་གནད་སྨིན་དབུལ་སྐྱོར་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཚང་མར་ཁྱབ་པར་བྱས་ཡོད། རིམ་རྩིས་བྱས་ན། མ་དངུལ་སྒོར་དུང་ཕྱུར་268བསྡུ་སྒྲིལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ཐད་བཏང་བར་བརྟེན་གྲོང་ཁྱེར་ཡོངས་ཀྱི་དུད་ཚང་ཁྲི་3.84ཡི་མང་ཚོགས་དབུལ་པོ་ཁྲི་19.46དབུལ་སྒྲོལ་བྱུང་བ་དང་། རྫོང(ཆུས)11ཚང་མའི་དབུལ་ཞྭ་ཕུད་ཡོད། 2020ལོར་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་13041ཟིན་ནས་1959ལོའི་སྒོར་19དང་བསྡུར་ན་ལྡབ་686འཕར་ཡོད་པ་རེད།

    དབུལ་སྒྲོལ་བྱུང་ནས་དབུལ་ཞྭ་ཕུད་པས་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། ཏང་གི་ཉི་འོད“བོད་ཤར་རྒྱུད་ཀྱི་མུ་ཏིག”ཅེས་གྲགས་པའི་ཆབ་མདོའི་ས་ཕྱོགས་གང་སར་འཕྲོས་ནས་ས་ཕྱོགས་ཀུན་ལ་བདེ་སྐྱིད་ཀྱི་རྣམ་པས་ཁེངས་ཡོད་པ་རེད། རིག་གནས་སྦྱོང་སའི་སློབ་གྲྭ་དང་། ནད་གཞི་བསྟེན་སའི་སྨན་ཁང་ཡོད། ཆབ་མདོ་གྲོང་ཁྱེར་གྱིས་ལས་བྱེད་པ་དང་མང་ཚོགས་ཚོའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་བསྐངས་བ་དང་ཆབས་ཅིག་སྤྱི་ཚོགས་འགན་ལེན་གྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།

    2020ལོ་བར་ཆབ་མདོ་གྲོང་ཁྱེར་དུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་659ཡོད་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་15.4ཡོད། ད་ཆ་རིམ་པ་ཁག་དང་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1499(གྲོང་ཚོའི་འཕྲོད་བསྟེན་ཁང་ཚུད་པ)ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་ཡང་བཏོད་ཡོད། རྟེན་རྫས་བཤམས་མཛོད་ཁང་2དང་། རྫོང(ཆུས)དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་ནང་སྦྱོང་ཁང་11 ཤང(གྲོང་རྡལ)གི་ཕྱོགས་བསྡུས་རིག་གནས་ས་ཚིགས་138 ཞིང་པའི་དཔེ་དེབ་ཁང་། དགོན་སྡེའི་དཔེ་དེབ་ཁང་གྲོང་ཚོ་དང་དགོན་སྡེ་ཚང་མར་ཁྱབ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་4%ནང་ཚུན་དུ་ཚོད་འཛིན་ཐུབ་ནས་གཙོ་གནད་ཚོགས་སྤྱི་ལས་ཞུགས་ཐུབ་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།

    ཆུ་དང་། གློག ལམ། སོལ་རླངས། འཕྲིན་གཏོང་བཅས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་ཞིང་། ད་ཆ་ཆབ་མདོ་གྲོང་ཁྱེར་དུ་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་1.9དང་། རྫོང(ཆུས)དུ་གཞུང་ལམ་ཤར་གཏོང་ཐུབ་ཚད་100% ཤང(གྲོང་རྡལ)དུ་གཞུང་ལམ་ཤར་གཏོང་ཐུབ་ཚད་100%དང་96.8%བཅས་ཟིན་ཡོད། 1995ལོར་ཆབ་མདོའི་སྤང་མདའ་གནམ་ཐང་བསྐྲུན་ནས་སྔ་རྗེས་སུ་ཆབ་མདོ་ནས་ལྷ་ས་དང་། ཁྲེང་ཏུའུ། ཁྲུང་ཆིང་། ཤིས་ཨན། ལན་ཀྲོའུ་སོགས་ཐད་སྐྱོད་མཁའ་ལམ་ལྔ་ཤར་གཏོང་ཐུབ་ཡོད། ཁྲོན་བོད་དྲ་སྦྲེལ་ལས་གྲྭ་དང་། བོད་དབུས་དང་ཆབ་མདོའི་གློག་དྲ་དྲ་སྦྲེལ་ལས་གྲྭ རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་བཅས་སྔ་རྗེས་སུ་བསྐྲུན་ནས་སྤྱོད་འགོ་ཚུགས་ཡོད། གྲོང་གསེབ་ཀྱི་འཐུང་ཆུའི་བདེའཇགས་འགན་ལེན་བྱེད་ཚད་99%ཟིན་ཡོད། བོད་ཤར་རྒྱུད་ཀྱི་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་ནགས་ཚལ་དང་། རྩྭ་ཐང་སླར་གསོའི་འདུ་འགོད་ལག་བསྟར་བྱས་པས་ནགས་ཚལ་ཁེབས་ཚད་34.78%ཟིན་ཡོད།

    རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་རྫོང(ཆུས)གི་ཁྱད་ལྡན་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་ཐུབ་ཡོད། རི་བོ་ཆེའི་འབྲི་གཡག་དང་། གོ་འཇོའི་ཨ་དབང་ལུག དཔའ་ཤོད་ཀྱི་བྲ་བོ། བྲག་གཡབ་ཀྱི་ནས་སྨུག་པོ། སྨར་ཁམས་ཀྱི་རྒུན་འབྲུམ། ལྷོ་རོང་གི་རྩམ་པ་བཅས་ས་གནས་ཁག་གིས་རང་རང་སོ་སོའི་ས་ཁམས་ཀྱི་ལེགས་ཆ་སྤྱད་དེ་ཁྱད་ལྡན་སྤུས་རྟགས་སྣ་ཚོགས་བཏོད་པར་ལྗོངས་ཕྱི་ནང་གི་འཛད་སྤྱོད་པའི་གདེང་འཇོག་ཡག་པོ་ཐོབ་ཡོད།

    ད་ཆ་གྲོང་ཁྱེར་ཡོངས་སུ་རིགས་ཁག་གི་ཐོན་ལས་རྣམ་གྲངས་852ཡོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་108.7བཏང་ཞིང་། ལོར་ཁེ་བཟང་སྒོར་དུང་ཕྱུར་3.1བྱུང་སྟེ། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་10ཙམ་ལ་སྣེ་ཁྲིད་ཐུབ་པ་དང་། མང་ཚོགས་ཁྲི་18ཙམ་ལ་ཕན་པ་ཐོབ་ཡོད་ལ། མང་ཚོགས་23279ལས་ཞུགས་ཀྱང་ཐུབ་ཡོད།

    འཕེལ་རྒྱས་གཏོང་རྒྱུ་ནི་ལས་འགན་གཙོ་བོ་ཡིན། ཆབ་མདོ་གྲོང་ཁྱེར་གྱིས་འགལ་ཟླ་གཙོ་བོ་ཐག་གཅོད་བྱས་ཏེ་ཐོན་སྐྱེད་ནུས་ཤུགས་ལ་ཟམ་མི་ཆད་པར་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་བར་བརྟེན། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་གྱི་སྟོན་གྲངས་གཙོ་བོ་ལོ་མང་བསྟུད་མར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་སྟེ། དཔལ་འབྱོར་བསྡོམས་འབོར་མགྱོགས་མྱུར་འཕར་ཡོད། 2020ལོར་གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་252.9ཟིན་ནས་1959ལོའི་སྒོར་དུང་ཕྱུར་0.37ལས་ལྡབ་684འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་18.3བྱུང་ནས་1959ལོའི་སྒོར་དུང་ཕྱུར་0.01ལས་ལྡབ་1826འཕར་ཡོད་པ་རེད།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་རྒྱལ་ཁབ་དང་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད། 1994ལོ་ནས་2020ལོའི་བར་ཁག་ཐེངས་9ལ་དབྱེ་ནས་ཆབ་མདོར་ཁག་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་། གྲོང་ཁྱེར། ཁེ་ལས་བཅས་ཀྱིས་རོགས་སྐྱོར་རྣམ་གྲངས་ཁྱོན་1782དོན་འཁྱོལ་བྱས་པ་དང་། དངོས་ཟོག་དང་མ་དངུལ་སྒོར་དུང་ཕྱུར་92.76རོགས་སྐྱོར་བྱས་པས་ཆབ་མདོའི་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་ཕྱིན་ཡོད།

    འདས་དོན་ལ་ཕྱིར་དྲན་བྱེད་སྐབས། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་འབད་འཐབ་པའི་རྐང་རྗེས་བཞག་ཡོད་ལ། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། སླད་ཕྱིན་གྲུབ་འབྲས་ཐོབ་དགོས་ན། ཚང་མས་མཉམ་དུ་འབད་བརྩོན་བྱས་ཏེ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པ་དང་རྔམ་བརྗིད་ལྡན་པའི་ལེའུ་རྩོམ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།