དབུ་ཤོག>ཆེད་སྒྲིག
  • ཕྱོགས་ཡོངས་འཕེལ་རྒྱས་ཡར་ངོའི་ཟླ་ལ་འགྲན། ལོ་རྒྱུས་རང་བཞིན་འཕོ་འགྱུར་ངོ་མཚར་ཆེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-01

    p38_s.jpg

    འདི་ནི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མི་དམངས་ཚོགས་ཁང་ཆེ་མོ་ནས་དོན་བཞིན་པ། 

    p40_s.jpg

    འདི་ནི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཡིན་པ།

    p42_s.jpg

    འདི་ནི་བོད་རིགས་གྲོགས་པོ་ཆུང་ཆུང་གི་བདེ་སྐྱིད་ལྡན་པའི་འཛུམ་མདངས་ཡིན་པ།

    p44_s.jpg

    འདི་ནི་2019ལོའི་ཟླ་4པར་ལྷ་ཉིང་རིམ་མཐོའི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ།

    p59_s.jpg

    འདི་ནི་ཉིང་ཁྲིའི་གྲོང་གསེབ་གསར་པའི་མཛེས་ལྗོངས་ཡིན་པ།

    p46_s.jpg

    འདི་ནི་རི་སྐྱེས་སྲོག་ཆགས་ཀྱི་དགའ་ཚལ་ཡིན་པ།

    p48_s.jpg

    པར་ནི་1951ལོའི་ཟླ་5ཚེས་23ཉིན《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》ལ་མིང་རྟགས་འགོད་ཡུལ་ཡིན་པ།

    p50_s.jpg

    པར་ནི་1959ལོར་དེ་སྔའི་བོད་ས་གནས་སྲིད་གཞུང་གིས་གྲོས་མཐུན་དོན་ཚན་17འཛེམ་བག་མེད་པར་རྩིས་མེད་བཏང་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་ཤིང་། འདི་ནི་ངོ་ལོག་ཟིང་འཁྲུག་ཤོག་ཁག་གི་མཚོན་ཆ་བསྡུ་བཞིན་པ།

    p52_s.jpg

    པར་ནི་1959ལོར་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་མཛུབ་སྟོན་གྱི་དགོངས་དོན་གཞིར་བཟུང་། ལྗོངས་ཡོངས་སུ་དམངས་གཙོའི་བཅོས་སྒྱུར་བྱས་ཤིང་། འདི་ནི་ཞིང་བྲན་ཚོས་དགའ་ཚོར་ཆེན་པོའི་ངང་ས་ཆའི་གན་འཛིན་སྲེག་བཞིན་པ།

    p54_s.jpg

    པར་ནི་1961ལོར་རྒྱལ་རྩེ་རྫོང་བཅིངས་འགྲོལ་ཤང་གིས་སྲན་མ་སྤྱད་དེ་མི་དམངས་ཀྱི་འཐུས་མི་འདེམས་བཞིན་པ།

    p56_s.jpg

    པར་ནི་1965ལོའི་ཟླ་9ཚེས་1ཉིན་བོད་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོ་ལྷ་སར་འཚོགས་ནས་བོད་རང་སྐྱོང་ལྗོངས་དངོས་སུ་བཙུགས་པའི་ཁྱབ་བསྒྲགས་བྱས་པ།

    “གུང་ཁྲན་ཏང་ཕེབས་པས་སྡུག་བསྔལ་བདེ་ལ་འཁོད་སོང”བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་གུང་ཁྲན་ཏང་མེད་ན་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་མེད་ལུགས་ཐོག་མཐའ་བར་གསུམ་དུ་སེམས་ལ་བརྟན་པོར་ངེས་ཡོད།

    ལོ་རྒྱུས་ལ་ཕྱིར་དྲན་བྱེད་སྐབས། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་དམངས་ལ་བཅིངས་འགྲོལ་བཏང་བ་དང་། ཡར་ལངས་ནས་རང་ཁྱིམ་རང་བདག་བྱུང་བ། བདེ་སྐྱིད་ཁམས་བདེ་ཡོང་བ་བཅས་ཀྱི་ཆེད་བློ་བརྟན་འགྱུར་མེད་ངང་རྒྱུན་མཐུད་འབད་འཐབ་ཀྱིས་དཀའ་ངལ་མང་པོ་ཁྱད་དུ་བསད་པ་དང་ཚོད་བགམ་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ་གངས་ལྗོངས་ས་མཐོར་བརྗིད་ཆེའི་ལེའུ་བརྩམས་ཡོད།

    སྙན་འཇེབས་ལྡན་ཤོས་ཀྱི་གླུ་དབྱངས་དེ་རླབས་ཆེན་དང་། གཟི་བརྗིད། ཡང་དག་བཅས་ཀྱི་ཀྲུང་གོ་གུང་ཁྲན་ཏང་ལ་འབུལ།

    ལོ་ངོ་70ཡི་རིང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་འོག་རང་རེའི་ཏང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་། དམངས་གཙོའི་བཅོས་སྒྱུར་བྱས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་བ། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལག་བསྟར་བྱས་པ། བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ཆེད་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་7འཚོགས་པ། མཛད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་བཟོས་པ། བྱ་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་ཐབས་འདོན་ཇུས་འགོད་གནང་བ། གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ། སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་འཆར་འགོད་དང་བཀོད་སྒྲིག་གནང་བ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཏོན་གནང་སྟེ་བོད་ཀྱིས་དུས་ཡུན་རིང་པོའི་ནང་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་དང་དེ་སྔ་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་བྱ་བ་ཆེན་པོ་མང་པོ་སྒྲུབ་པར་མཛུབ་ཁྲིད་གནང་ཡོད།

    རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ལོ་ངོ་70ཡི་རིང་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ནས་མི་ཡུལ་གསར་དུ་བརྗེས་ཡོད།

    བོད་རྙིང་པར་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་དང་། སྨན་ཁང་། གཞུང་ལམ་བཅས་མཐོང་རྒྱུ་མེད་ལ་གང་སར་གྱོན་ཆས་ཧྲལ་ཧྲུལ་གྱོན་པའི་སློང་མོ་བས་ཁེངས་ཡོད། ཁོང་ཚོ་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོད་ལ་རང་ལུས་རང་དབང་གཏན་ནས་མེད།

    ད་ཆའི་བོད་དུ་ཞིང་ས་གཤིན་པོར་སྙེ་མའི་རྦ་རླབས་འཕྱུར་བ་དང་། ཡངས་པའི་རྩྭ་ཐང་སྟེང་དུ་ནོར་ལུག་སྐར་ཚོགས་ས་ལ་འཕོས་པ་འདྲ་བ། གནའ་གྲོང་དང་གྲོང་སྡེ་ཁག་ཡར་ངོའི་ཟླ་ལ་འགྲན་པ་ལྟར་གྱི་འཕེལ་རྒྱས་འགྲོ་བཞིན་ཡོད། མི་སེར་གྱི་ངོ་གདོང་ལས་འཛུམ་མདངས་འཕྱུར་བ་དང་ཡོང་འབབ་ཀྱང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་མཆིས།

    ལོ་རྒྱུས་ཀྱི་དྲན་འཆར་ཟབ་མོ་ལས་དུས་དང་རྣམ་པ་ཀུན་ཏུ་ང་ཚོར“གུང་ཁྲན་ཏང་ཕེབས་པས་སྡུག་བསྔལ་བདེ་ལ་འཁོད་ལུགས”བརྗོད་ཡོད་ལ། ལོ་རྒྱུས་དེབ་ཐེར་ཐོག་འཁོད་པའི་མི་ཡུལ་གྱི་ངོ་མཚར་ལས“ང་ཚོ་སྤྱི་ཚོགས་རིང་ལུགས་ཀྱི་བདེ་སྐྱིད་ལྡན་པའི་ལམ་ཆེན་ཐོག་སྐྱོད་བཞིན་པ”གང་ས་ཅི་ཐད་ནས་མངོན་ཡོད།

    འགྱུར་ལྡོག་ཆེ་ཤོས་དེ་རླབས་ཆེན་དང་། གཟི་བརྗིད། ཡང་དག་བཅས་ཀྱི་ཀྲུང་གོ་གུང་ཁྲན་ཏང་ལ་མངོན་པར་བྱེད།

    ད་ཆ་བོད་དུ་ལྕགས་ལམ་དང་། མཁའ་འགྲུལ། གཞུང་ལམ་བཅས་གང་སར་ཤར་གཏོང་ཐུབ་པ་དང་། ཆུ་དང་། གློག དྲ་སྦྲེལ་བཅས་གྲོང་ཚོ་དང་དུད་ཚང་དུ་འཁྲིད་པས། མི་དང་ཁལ་ཕྱུགས་ཀྱིས་ཅ་དངོས་དབོར་བ་ནས་མཁའ་ལམ་གང་སར་ཁྱབ་པའི་བར་མཐོངས་ཀྱི་འགྱུར་ལྡོག་བྱུང་སྟེ་གནམ་ས་ཡངས་ཤིང་འོད་སྟོང་འཕྲོ་བའི་འགྱུར་ལྡོག་བྱུང་ཡོད།

    ད་ཆ་བོད་དུ་ངལ་ནུས་གཙོ་བོར་སློབ་གསོ་ཐེབས་པའི་ལོ་ཚད་ལོ་10.2ཟིན་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་སྔར་བས་དར་སྤེལ་བཏང་ནས་བཀས་བཀོད་རྒྱུད་འཛིན་གྱི་བསམ་བློའི་རིག་གནས་ཀྱི་ལྕགས་སྒྲོག་གཏོར་བས་དེ་སྔའི་མ་རིག་ཤེས་རྨོངས་དང་རང་ལུས་རང་དབང་མེད་པའི་ལས་དབང་ལ་འགྱུར་ལྡོག་བྱུང་ཡོད།

    ད་ཆ་བོད་དུ་ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་35.5ནས་ལོ་71.1བར་རིང་དུ་སོང་སྟེ་ཚེ་སྲོག་ཉག་ཕྲ་བ་དང་སང་ཤི་གནངས་ཤི་ཚོད་དཔག་དཀའ་བའི་ལས་དབང་ལ་འགྱུར་ལྡོག་བྱུང་ཡོད།

    ད་ཆ་བོད་དུ་སྐྱེ་ཁམས་དམར་ཐིག་གི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་53.9ཟིན་པ་དང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་47%ཟིན་ནས་འཁྱགས་རོམ་དང་། རྩྭ་ཐང་། རྒྱུག་ཆུ་བཅས་དྭངས་ཤིང་གཙང་བ་དང་། འདབ་ཆགས་དང་། རི་དྭགས། ཉ་མོ་བཅས་ཅི་དགར་རོལ་བཞིན་ཡོད་པས་བྱེ་རླུང་དྲག་པོ་ལྡང་བ་དང་འཚོ་གནས་དཀའ་བའི་གནས་བབ་ལ་འགྱུར་ལྡོག་བྱུང་ཡོད།

    མེས་རྒྱལ་ལྷོ་ནུབ་ཀྱི་སྤྱི་ལེ་ངོས་གྲུ་ཁྲི་120ལྷག་ཙམ་གྱི་ས་གཞིའི་ཐོག་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོ་ལྟོ་གོས་ལ་སེམས་ཁྲལ་མེད་པ་དང་། ནད་ལྟ་བར་སེམས་ཁྲལ་མེད་པ། འཚོ་བ་དེ་བས་ལེགས་པ་བཅས་སུ་གྱུར་ནས་དངོས་འབྲེལ“བདེ་སྐྱིད་ཀྱི་གླུ་དབྱངས་ཕྱོགས་བཞིར་ཁྱབ་པ”དང་འཛམ་གླིང་གི་ཡང་རྩེར་ཡོངས་སུ་གྲགས་ཡོད།

    དཀའ་སྡུག་དྲག་པོའི་ཉམས་བསད་ཐེག་པ་བརྒྱུད་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་ལོ་ངོ་70ཡི་རིང་གི་འཕེལ་རྒྱས་ཀྱི་གོམ་སྟབས་རེ་རེ་ནས་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་གང་ལེགས་མཚོན་པ་དང་། ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱས་པའི་ཆབ་སྲིད་ཀྱི་ལེགས་ཆ་དང་ཁྱད་འཕགས་རང་བཞིན་ཆེན་པོ་གང་ལེགས་མཚོན་པ། ཏང་གི་མི་རིགས་མཐུན་སྒྲིལ་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཡང་དག་རང་བཞིན་དང་ཁྱད་འཕགས་རང་བཞིན་ཆེན་པོ་གང་ལེགས་མཚོན་ཡོད།

    ཀྲུའུ་ཞི་ཞི་ཅིན་ཕིང་གིས“2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་ནང་གསུངས་པ་ལྟར། ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ཀྱི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ཏེ་དབུལ་ཕོངས་རྗེས་ལུས་ཀྱི་བོད་རྙིང་པ་འདི་ཉིད་དཔལ་འབྱོར་རིག་གནས་དར་རྒྱས་དང་། སྤྱི་ཚོགས་ཕྱོགས་ཡོངས་ཡར་ཐོན། སྐྱེ་ཁམས་ཁོར་ཡུག་བཟང་བ། མི་དམངས་འཚོ་བ་བདེ་སྐྱིད་བཅས་ཀྱི་བོད་ལྗོངས་གསར་པ་ཞིག་ཏུ་བསྐྲུན་ཡོད།

    འཛུམ་མདངས་ཡག་ཤོས་དེ་རླབས་ཆེན་དང་། གཟི་བརྗིད། ཡང་དག་བཅས་ཀྱི་ཀྲུང་གོ་གུང་ཁྲན་ཏང་ལ་སྟོན།

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་སྔ་ཕྱི་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་འབད་འཐབ་དམིགས་ཚད་དུ་བྱེད་པ། དཀའ་གནད་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་དང་སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཚོའི་རང་འགུལ་བསམ་པ་དང་། ཧུར་སེམས། གསར་གཏོད་བྱེད་སེམས་བཅས་སྐོང་འཐེན་གང་ལེགས་བྱས་ཏེ། མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྐྲུན་མཉམ་སྤྱོད་བྱས་ཡོད།

    2020ལོར་གྲོང་ཚོའི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་པ་དེ་1959ལོའི་སྒོར་35ནས་ལྡབ་416འཕར་ཡོད། ལྷག་དོན་དུ་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ནས་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང(ཆུས)དབུལ་པོ་74ཚང་མའི་དབུལ་ཞྭ་ཕུད་དེ། ལོ་ངོ་སྟོང་ཕྲག་ལྷག་ཙམ་གྱི་དབུལ་པོ་དབུལ་རྐྱང་གི་གནད་དོན་རྦད་དེ་བསལ་ཡོད།

    ད་ཆ་མང་ཚོགས་ཚོའི་ཟས་གོས་སྡོད་གསུམ་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དང་འཚོ་བའི་འགྲོ་སོང་ཕྱོགས་རྐྱང་པ་ནས་ཕྱོགས་མང་ལ་འགྱུར་ལྡོག་སོང་ཞིང་། འགྲིམ་འགྲུལ་དང་། འཕྲིན་གཏོང་། སློབ་གསོ་རིག་གནས། རོལ་རྩེད་ཞབས་ཞུ། སྨན་བཅོས་འཕྲོད་སྦྱོར་བཅས་ཀྱི་མི་རེའི་ཆ་སྙོམས་ཀྱི་འགྲོ་སོང་ཡང་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཏེ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་71.1བར་རིང་དུ་ཕྱིན་པ་དང་མི་རིགས་ཁག་གི་མང་ཚོགས་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཡོད།

    ད་ཆ་འོས་འགན་སློབ་གསོ་སྲ་བརྟན་དུ་འགྲོ་ཚད་95%ཟིན་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྱིམ་ཚང་ཚང་མ་ལས་ཞུགས་ཐུབ་པ་དང་། སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པ། ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བཅས་ཀྱི་སྲིད་ཇུས་ཚང་མ་ཀུན་ལ་ཁྱབ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། མི་རིགས་ཁག་གི་མང་ཚོགས་ཚོའི་འཚོ་བ་ཉིན་བཞིན་ཡར་རྒྱས་ཕྱིན་ནས་རེ་བས་ཁེངས་བཞིན་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བཞིན་ཡོད།

    ད་ཆ་གངས་ལྗོངས་ས་མཐོའི་ཡུལ་གྲུ་ཀུན་ནས་བདེ་སྐྱིད་འཛུམ་མདངས་འཕྱུར་བཞིན་ཡོད། འཛུམ་མདངས་འདི་དག་ནི་རྣམ་པར་བཀྲ་བའི་འཇའ་ཚོན་ཇི་བཞིན་ས་མཐོའི་བརྗིད་ཆགས་ཀྱི་རི་བོ་དང་ཆུ་བོ་ཆེན་པོ་བརྒྱན་ཡོད། བདེ་སྐྱིད་འདི་དག་ནི་ས་བོན་རེ་རེ་དང་འདྲ་བར་ས་མཐོའི་ས་གཞི་ཆེན་པོར་རྩ་བ་ཚུགས་ནས་མྱུ་གུ་འབུས་བཞིན་མཆིས།

    སྔར་སོང་གི་འབད་འཐབ་ལམ་བུར་ཕྱིར་མིག་ལྟ་བ་དང་མདུན་ཕྱོགས་ཀྱི་མདུན་སྐྱོད་ལམ་བུར་ཕྱོགས་སྐབས་ཏང་གི་འོད་ཟེར་མཐའ་མཚམས་ཕྱོགས་སུ་འཕྲོས་པ་དང་མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།