ཟླ་6ཚེས་30ཉིན་གྱི་སྔ་དྲོར། རང་ལྗོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ”ཅེས་པའི་སློབ་གསོ་བཅོས་སྒྲིག་ལག་ལེན་བྱེད་སྒོའི་གྲུབ་འབྲས་གཅིག་སྡུད་འགྲེམས་སྟོན་བྱེད་སྒོ་ལྷ་ས་གྲོང་ཁྱེར་པེ་ཅིང་ཤར་ལམ་རྐང་ཐང་ལམ་དུ་སྤེལ་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ལྗོངས་སློབ་གསོ་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཧོ་ཝུན་ཧའོ་ཆེད་མངགས་འགྲེམས་སྟོན་བྱ་ཡུལ་དུ་ཕེབས་ནས་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་རེད།
ཧོ་ཝུན་ཧའོ་དང་བཅས་པ་འགྲེམས་སྟོན་བྱ་ཡུལ་གྱི་ས་ཆར་ཕེབས་རིམ་བཞིན་དྲིལ་བསྒྲགས་འགྲེམས་པང་ལ་ནན་ཏན་ངང་གཟིགས་པ་དང་། དྲིལ་བསྒྲགས་དཔྱད་ཡིག་ལ་གཟིགས་པ། ལས་དོན་མི་སྣའི་ངོ་སྤྲོད་ཞིབ་ཚཌ་ངང་གསན་ཏེ་སྲིད་ཁྲིམས་ཀྱི་ཁོངས་གཏོགས་ཁག་གིས“ངས་མང་ཚོཌ་ལ་བྱ་བ་དངོས་སྒྲུབ”ཅེས་པའི་ལག་ལེན་བྱེད་སྒོ་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་མང་ཚོགས་ཀྱིས་བྱེད་སྒོར་འཛིན་པའི་ལྟ་སྟངས་དང་གདེང་འཇོག་མཁྱེན་རྟོགས་གནང་བ་རེད།