དབུ་ཤོག>ཆེད་སྒྲིག
  • “གསར་བརྗེའི་སྒུལ་ཤུགས”ཀྱིས་ནག་ཆུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-01

    ཉེ་དུས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་ནག་ཆུ་གྲོང་ཁྱེར་གྱི་ཏང་འཛུགས་སྐྱོང་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས། དེ་བཞིན“ལོ་ལྔ་ཚན་བཅུ་བཞི་པའི”འགོ་འཛུགས་གནས་ཚུལ་བཅས་ངོ་སྤྲོད་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལོ་ངོ་70ཡི་ཚུན་ནག་ཆུ་གྲོང་ཁྱེར་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ཐད་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ་དང་ཏང་གི་སྲིད་སྐྱོང་གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་སོང་ཡོད། 1953ལོའི་ནག་ཆུའི་ཡན་ལག་ལས་དོན་ཨུ་ལྷན་གྱི་ཏང་ཀྲི་པུའུ་1ནས་ད་ལྟའི་ནག་ཆུ་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་2653བར་ཏང་གི་རྩ་འཛུགས་མ་ལག་འཛུགས་སྐྱོང་རྒྱུན་མཐུད་སྟོབས་ཆེར་སོང་བ་དང་། ཚད་གཞི་མཐོ་བའི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་འཛུགས་སྐྲུན་ལ་སྒོར་དུང་ཕྱུར་16.56བཏང་སྟེ་ཚད་ལྡན་ཅན་གྱི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་920བསྐྲུན་པ། ཏང་ཡོན་ལས་བྱེད་པ་ཁྲི་1.8ཀྱིས་དུད་ཚང་དབུལ་པོ་ཁྲི་1.6ལ་ཆ་སྒྲིག་རོགས་སྐྱོར་བྱས་ནས་གནད་དོན་དངོས་ཁྲི་1.8ལྷག་ཙམ་ཐག་གཅོད་བྱེད་རོགས་བྱས་ཡོད། མིག་སྔའི་བར་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཁྱབ་ཚད་100%ཟིན་ཡོད།

    ནག་ཆུ་གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀྲོའུ་ཆིང་ཁོའོ་ཡིས་ཏང་འཛུགས་སྐྱོང་གི་འཇམ་ཤུགས་ཆེན་པོ་དེས་ནག་ཆུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཤིང་། ནག་ཆུ་གྲོང་ཁྱེར་གྱི་ས་ཁུལ་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1990ལོའི་སྒོར་དུང་ཕྱུར་2.95ནས་2020ལོའི་སྒོར་དུང་ཕྱུར་171.41བར་འཕར་ནས་ལྡབ་58འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་1980ལོའི་སྒོར་640.75ནས་2020ལོའི་སྒོར་41635བར་འཕར་ནས་ལྡབ་65འཕར་བ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་1980ལོའི་སྒོར་175.55ནས་2020ལོའི་སྒོར་13651བར་འཕར་ནས་ལྡབ་78འཕར་བ། ཐོན་ལས་གསུམ་གྱི་གྲུབ་ཆ་1990ལོའི་85∶1∶14ནས་12.5∶34.7∶55.8བར་ལེགས་སྒྲིག་བྱས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།