དབུ་ཤོག>ཆེད་སྒྲིག
  • ལྷོ་ཁ་གྲོང་ཁྱེར་གྱི་བྲོ་ཡུལ་ཆུ་མཛོད་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-01

    ཉེ་དུས། ལྷོ་ཁ་གྲོང་ཁྱེར་བྲོ་ཡུལ་ཆུ་མཛོད་ཀྱི་ལས་གྲྭའི་ཐད་དུས་མཚམས་རང་བཞིན་གྱི་ཆུ་གཅོད་རྩིས་ལེན་དང་། ཆུ་རགས་སིམ་འགོག་གྱང་ལུགས་རྒྱག་པ། ཆུ་རགས་སྣུམ་ནག་དང་ཨར་འདམ་བསྲེས་མའི་གྱང་ཨར་སྐྲུན། ཆུ་རགས་ཀྱི་ཐོག་འགེབ་པ། ཆུ་སྒོ་འཕྲུལ་འཁོར་སྒྲིག་ཆས་སྒྲིག་སྦྱོར་དང་སྙོམས་སྒྲིག ཆུ་རགས་ཀྱི་བདེ་འཇགས་གསལ་འབྱེད། ཆུ་སྒོ་བཀག་ནས་ཆུ་གསོག་པ། ལས་མཇུག་འགྲིལ་ནས་རྩིས་ལེན་པ་སོགས་ལྷུ་ཚིགས་གལ་ཆེན་གྱི་འཛུགས་སྐྲུན་དམིགས་ཚད་བདེ་བླག་ངང་ལེགས་སྒྲུབ་ཟིན་ནས་དངོས་སུ་སྤྱོད་འགོ་ཚུགས་པ་རེད།

    བྲོ་ཡུལ་ཆུ་མཛོད་ལས་གྲྭ་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་ཞིང་ཆུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་ལ་ཆུ་མཁོ་འདོན་བྱེད་པ། ཆུ་ལོག་འགོག་པ་དང་ཆུ་གསོག་གཏོང་བཅས་གཞི་གཅིག་ཏུ་འདུས་པའི་ཆུ་མཛོད་འབྲིང་གྲས་ཤིག་དང་། ལྷོ་ཁ་གྲོང་ཁྱེར་གྱི་ཆུ་འགོའི་ལས་གྲྭ་གལ་ཆེན་གྱི་གྲས་ཤིག རང་ལྗོངས་ཀྱི་ཆུ་བེད་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་རྐང་འཛིན་རྣམ་གྲངས་ཀྱི་གྲས་ཤིག་བཅས་རེད། ཆུ་མཛོད་སྤྱོད་འགོ་ཚུགས་རྗེས། ཞིང་ཆུ་གཏོང་ཁྱོན་མུའུ་ཁྲི་3.92མང་དུ་དང་ལེགས་སུ་གཏོང་ཐུབ་རྒྱུ་ཡིན་པ་དང་གྲ་ནང་རྫོང་དཀྱིལ་རུ་ཤང་དང་གྲ་ཐང་གྲོང་རྡལ་གྱི་ཤང་དང་གྲོང་རྡལ་2ཀྱི་སྲིད་འཛིན་གྲོང་ཚོ་25ཡི་ཞིང་ཆུ་འགན་ལེན་ཐུབ་རྒྱུ་མ་ཟད། ད་དུང་ཞིང་ཆུ་གཏོང་ཁུལ་གྱི་དཔྱིད་དུས་དང་དགུན་དུས་ཀྱི་ཆུ་དཀོན་པའི་གནད་དོན་ཡང་ཞི་ལྷོད་དུ་གཏོང་ཐུབ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།