ལོ་བརྒྱའི་འབད་འཐབ་ཀྱི་ལམ་བུར་ཕྱིར་མིག་ལྟ་སྐབས་ཡུན་ནན་མི་དམངས་ཀྱིས་ཏང་གི་འགོ་ཁྲིད་འོག་རྗེས་ལུས་ལས་རིམ་བཞིན་སྒྲོལ་ནས་ཡར་ཐོན་ཕྱོགས་སུ་སྐྱོད་པ་དང་། བཀག་སྡོམ་ལས་སྒྲོལ་ནས་སྒོ་དབྱེའི་ཕྱོགས་སུ་སྐྱོད་པ། དབུལ་ཕོངས་ལས་སྒྲོལ་ནས་འབྱོར་ཕྱུག་ཕྱོགས་སུ་སྐྱོད་བཞིན་ཡོད།
དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ། ཡུན་ནན་དུ་མི་འབོར་དབུལ་པོ་མང་བ་དང་། དབུལ་ཕོངས་ཀྱི་ཚད་གཞི་མཐོ་བ། དབུལ་སྒྲོལ་གྱི་དཀའ་ཚེགས་ཆེ་བས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁྲལ་གནང་སའི་ཡུལ་ཞིག་རེད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་དབུལ་སྒྲོལ་འགག་སྒྲོལ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་། འཕེལ་རྒྱས་ཀྱི་དོན་ཆེན། དམངས་འཚོའི་འདུ་འགོད་གཙོ་བོ་བཅས་ལ་བརྩིས་ནས་དམ་འཛིན་བྱས་ཏེ་དུས་རབས་གསར་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་933ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོ་88ཚང་མ་དབུལ་ཞྭ་ཕུད་པ། གྲོང་ཚོ་དབུལ་པོ་8502ཚང་མ་དབུལ་པོའི་གྲལ་ནས་དོན་པ་རེད།
“ངེས་གནས་གསུམ”ལ་ཡར་རྒྱས་མངོན་གསལ་དོད་པོ་བྱུང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲལ་འགོའི་དམག ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོར་ཁ་ཕྱོགས་པའི་ཁྱབ་འགྱེད་ལྟེ་གནས་བཅས་སུ་ཧུར་ཐག་འགྱུར་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དོན་འཁྱོལ་བྱས་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཀྲོའུ(གྲོང་ཁྱེར)དང་དཔེ་སྟོན་ཚན་པའི་མིང་བཏགས་པའི་གྲངས་འབོར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་འབོར་དང་གྲོང་མིའི་ཡོང་འབབ་འཕར་བའི་མྱུར་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ། མི་རིགས་ཁག་གཉེན་ཉེ་ལྟར་འཆམ་མཐུན་དང་ཕན་ཚུན་ལྟ་རེས་སྐྱོང་རེས་བྱེད་པའི་བརྩེ་སེམས་ཀྱི་སྦྲེལ་ཐག་དང་མཉམ་དུ་མཐའ་སྲུང་མཐའ་བརྟན་མཐའ་དར་བྱེད་པའི་སེམས་ཤུགས་ཟམ་མི་ཆད་པར་མངོན་བཞིན་ཡོད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་ཐུབ་ནས་ས་མཐོའི་མཚོ་མཚེའུ་ཆེ་གྲས་དགུའི་ཆུ་སྤུས་སྤྱི་ཡོངས་བརྟན་པོ་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་ནགས་ཚལ་ཁེབས་རྒྱ་65.04%བར་ཆེ་རུ་སོང་བ། ཀྲོའུ(གྲོང་ཁྱེར)ཡི་གྲོང་ཁྱེར་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་98.8%ཟིན་པ། མཛེས་སྡུག་ལྡན་པའི་རྫོང་གྲོང་དང་གྲོང་གསེབ་ཁག་གཅིག་བསྐྲུན་ཡོད། ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོར་ཁ་ཕྱོགས་པའི་ཁྱབ་འགྱེད་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་ཐེབས་ནས་རྒྱལ་ཁབ་9དང་ཕྱོགས་མང་དང་ཕྱོགས་གཉིས་ཀྱི་མཉམ་ལས་ལམ་སྲོལ་11བཙུགས་པ་དང་། ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་དང་མཛའ་མཐུན་གྲོང་ཁྱེར་ཆ་49སྒྲིག་པ། ཀྲུང་གོའི(ཡུན་ནན)རང་མོས་ཚོང་དོན་ཚོད་ལྟའི་ཁུལ་འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ་དོད་པ། འགག་སྒོ་སྒྲོལ་སྐབས་སྟབས་བདེ་ཤུགས་ཆེན་ཕྱིན་པ། ཉེ་འཁོར་རྒྱལ་ཁབ་དང་དཔལ་འབྱོར་ཚོང་དོན་ལ་སྔར་བས་ཤུགས་སྣོན་ཐེབས་ཏེ་ཀྲུང་ཝེ་དང་། ཀྲུང་ལོ། ཀྲུང་འབར་བཅས་ཀྱི་རྒྱལ་སྤྱིའི་བགྲོད་ལམ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད།
དཔལ་འབྱོར་འཕེལ་རྒྱས་སྐས་རིམ་གསར་པར་སླེབས་པ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་དཔལ་འབྱོར་ལོ་རེར་ཆ་སྙོམས་འཕར་ཚད་7.8%ཟིན་པ་དང་2020ལོར་ཞིང་ཆེན་དེས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་2.45ལེགས་གྲུབ་བྱས་ཡོད། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ་དང་། ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་བཏང་བ། ནུས་ཤུགས་ཡོད་རྒུས་འཛམ་གླིང་གི་རྩེར་སོན་གྱི“ལྗང་མདོག་ནུས་རྒྱུའི་མིང་བྱང”དང་། “ལྗང་མདོག་བཟའ་བཅའི་མིང་བྱང” “བདེ་ཐང་འཚོ་བའི་དམིགས་སའི་མིང་བྱང”བཅས་བཏོད་པས། ལྗང་མདོག་ནུས་རྒྱུ་དེ་ཐོན་ལས་ཆེ་གྲས་དང་པོར་གྱུར་པ་དང་གནོད་མེད་ཧ་ཡང་དང་སྭེལ་གྱི་ཐོན་ནུས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཞིང་། “ཤར་གཏོང་ཐུབ་རིགས་ཚང་མ་ཤར་གཏོང་ཡོང་བ”དང“ཕན་ཚུན་འབྲེལ་མཐུད”དང་རྨང་གཞིའི་སྒྲིག་བཀོད་ཀྱི“བཅུ་ཟུང”གི་ལས་གྲྭ་གལ་ཆེན་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱས་པ་དང་འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། ཆ་འཕྲིན། ཟོག་འགྲེམས་སོགས་ཕྱོགས་བསྡུས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་བཏང་སྟེ་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་གྱི་གོམ་སྟབས་བརྟན་པོ་སྤོས་ཡོད། ཞིང་ཆེན་དེའི་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་9000ལས་བརྒལ་བས་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་པ་དང་། ཀྲོའུ(གྲོང་ཁྱེར)16ལ་མྱུར་བགྲོད་གཞུང་ལམ་ཕན་ཚུན་འབྲེལ་མཐུད་ཐུབ་པ། རྫོང(གྲོང་ཁྱེར་དང་ཆུས)110ལ་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་10གསར་སྐྲུན་དང་བསྐྱར་སྐྲུན་བྱས་པས། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ལ་འཇུར་མིག་ཚོད་འཛིན་ནས་གཞི་རྩའི་ཆར་འཚམ་པའི་བར་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། ཡུན་ནན་དབུས་རྒྱུད་ཀྱི་ཆུ་འདྲེན་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་པོ་བཏང་བ་དང་། ཝུའུ་ཏུང་ཏེ་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་དང་པོ་ནས་གློག་གཏོང་འགོ་ཚུགས་པ། གློག་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་1ཟིན་པའི་སྐས་རིམ་གསར་པར་སླེབས་ཡོད། ཞིང་ཆེན་དེའི་གྲོང་ཚོ་དབུལ་པོ་8502ལ་ཨར་འདམ་ལམ་རྦད་དེ་ཤར་གཏོང་ཐུབ་པ་དང་། སྒུལ་ཤུགས་གློག་ཁྲིད་པ། འོད་སྐུད་དྲ་རྒྱ་ཁྱོན་ཡོངས་ལ་ཁྱབ་པ་བཅས་བྱུང་ཡོད།
སྤྱི་ཚོགས་ཀྱི་དམངས་འཚོའི་ཞན་ཆ་གང་མགྱོགས་བསལ་བ། 2015ལོ་ནས་བཟུང་། ཞིང་ཆེན་དེའི་ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་གཏོང་སྒོའི་73.2%དམངས་འཚོའི་གནད་དོན་ཐག་གཅོད་ལ་སྤྱད་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་སྤྱིར་ན་བསྐྲུན་ཟིན་ནས་མི་དམངས་ཀྱི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱས་ནས་སྡོད་ཁང་ཁྲི་62བསྐྲུན་ཟིན་པ་དང་གྲོང་གསེབ་ཀྱི་དུད་ཚང་ཁྲི་130ཡི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལེགས་གྲུབ་ཟིན་ནས་མི་ཁྲི་700ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
དུས་རབས་གསར་པར་འབད་འབུངས་ཡར་བརྩོན་གྱིས་འགན་འཁྲི་གསར་པ་འཁུར་ཕོད་པ་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། བློ་རྩེ་གཅིག་སྒྲིམ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཀྲུང་གོའི་ཕུགས་འདུན་གྱི་ཡུན་ནན་གྱི་ལེའུ་ཡག་པོ་རྩོམ་རྒྱུ་ཡིན།