★ “འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས།
མེས་རྒྱལ་ལ་དགའ་ཞེན་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་འཐབ། ནུས་ཤུགས་ཡོད་རྒུས་མཉམ་སྒྲུབ། ཡང་རྩེར་འཛེག་ཕོད་པ་བཅས།
★ ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས།
འབད་པ་ཧུར་ལེན་དང་། སྙིང་རུས་ཆེན་པོས་བརྩོན་ལེན། ཀུན་སེམས་གཅིག་སྒྲིལ། ཕྱར་བ་གྲུ་འདེགས། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་འཐབ་བཅས།
★ ལམ་གཉིས་ཀྱི་སྙིང་སྟོབས།
གཅིག་ནས་དཀའ་ངལ་ལ་མི་སྐྲག་པ་དང་། གཉིས་ནས་ཤི་རྒྱུར་མི་སྐྲག་པ། སྙིང་རུས་ཆེན་པོས་འབད་བརྩོན། ལམ་གཞི་བྱེད་འདོད་པ། དམག་དམངས་ཁྱིམ་ཚང་གཅིག མི་རིགས་མཐུན་སྒྲིལ་བཅས།
★ བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས།
སྡུག་བསྲན་ཁྱད་པར་ཐེག་པ་དང་། དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐུབ་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བ་བཅས།
★ དར་གོས་ཀྱི་སྙིང་སྟོབས།
མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་དང་། འདྲ་མཉམ་དང་གཉིས་ཁེ། བསྟུན་མཁས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། མཉམ་ལས་གཉིས་ཕན། རིགས་རྒྱུད་མི་འདྲ་བ་དང་། དད་སེམས་མི་འདྲ་བ། རིག་གནས་རྒྱབ་ལྗོངས་མི་འདྲ་བ་བཅས་ཀྱི་རྒྱལ་ཁབ་དབར་ཐུན་མོང་ཐོག་ཞི་བདེ་མཉམ་སྤྱོད་དང་ཐུན་མོང་ཐོག་གོང་འཕེལ་ཡོང་བ་བཅས།
★ ཧྲང་ཧའེ་ཡི་སྙིང་སྟོབས།
ཕན་ཚུན་ཡིད་ཆེས་དང་། གཉིས་ཕན། གྲོས་མོལ། ཤེས་དཔལ་སྣ་མང་ལ་བརྩི་འཇོག ཐུན་མོང་ཐོག་གོང་འཕེལ་བཅས། (མུ་མཐུད་འགོད་རྒྱུ)