44.ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཚང་འཛོམས་གྲོས་ཚོགས་སྐབས་དང་པོ།
1949ལོའི་ཟླ་9པར་པེ་ཕིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་གནས་སྐབས་རྩ་ཁྲིམས་ཀྱི་ངོ་བོ་ལྡན་པའི《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐུན་མོང་རྩ་འཛིན》དང་། 《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྩ་འཛུགས་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས》བཅས་ལ་གྲོས་འཆམ་བྱུང་བ་དང་། རྒྱལ་ས་པེ་ཕིང་ལ་བྱ་རྒྱུ་གཏན་འཁེལ་བྱུང་བ་དང་པེ་ཅིང་ཞེས་པར་མིང་བསྒྱུར་རྒྱུའི་གཏན་འཁེལ་བྱས་པ་མ་ཟད། སྤྱི་ལོའི་རྩིས་འགོ་སྤྱོད་རྒྱུ་དང《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》རྒྱལ་ཁབ་ཀྱི་རྒྱལ་གླུ་དང་སྐར་ལྔའི་དར་དམར་རྒྱལ་ཁབ་ཀྱི་རྒྱལ་དར་ལ་གཏན་འཁེལ་ཡང་བྱས་ཡོད།
45.ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས།
ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ནི་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན། 1949ལོའི་ཟླ་9པར་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཚང་འཛོམས་གྲོས་ཚོགས་སྐབས་དང་པོ་འཚོགས་པ་ལས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་དངོས་སུ་གཏན་འཁེལ་བྱས་པ་མཚོན་ཡོད།
(མུ་མཐུད་འགོད་རྒྱུ)