དབུ་ཤོག>ཆེད་སྒྲིག
  • ཞུས་ཀྲེང་ཁྲའོ། ལས་ཀ་བྱས་ཕྱིན་རྩེ་གྲ་དང་ཨང་དང་པོ་བརྩོན་ལེན་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཤའོ་ཅཱ་ཤིན།   |     སྤེལ་དུས།  2021-06-29

    720895_yis_1624896000000_s.jpg

    འདི་ནི་ཞུས་ཀྲེང་ཁྲའོ་ཆིང་ཏའོ་གྲུ་ཁར་ལས་ཀ་གནང་སྐབས་ཀྱི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས) 

    ཞུས་ཀྲེང་ཁྲའོ་ནི་1950ལོར་འཁྲུངས་པ་དང་། ཧྲན་ཏུང་རོང་ཁྲེང་ནས་རེད། ཧྲན་ཏུང་གྲུ་ཁའི་ཆིང་ཏའོ་གྲུ་ཁ་ཆན་དབན་དོས་སྒམ་གྲུ་ཁ་ཚད་ཡོད་ཀུང་སིའི་བཟོ་སྐྲུན་ལག་རྩལ་པུའི་སྲ་འགྱུར་འཕྲུལ་ཆས་ཀྱི་མཐོ་རིམ་ཅིང་ལི་ཡིན་པ་དང་། དུས་སྐབས་གསར་པའི་ཐོན་ལས་བཟོ་པའི་ཕུལ་དུ་བྱུང་བའི་འཐུས་མིའི་གྲས་ཤིག་རེད། 1984ལོར། ལོ་34ལ་སོན་པའི་ཞུས་ཀྲེང་ཁྲའོ་ཆིང་ཏའོ་གྲུ་ཁའི་དོས་སྒམ་འདེགས་འཁོར་གྱི་ཁ་ལོ་བ་ཁག་དང་པོར་བདམས།

    “ལས་ཀ་བྱས་ཕྱིན་རྩེ་གྲ་དང་ཨང་དང་པོ་བརྩོན་ལེན་བྱེད་དགོས”ཞེས་པ་ནི་ཞུས་ཀྲེང་ཁྲའོ་ཡི་བསྲུང་བྱའི་གདམས་ངག་རེད། 2003ལོའི་ཟླ་4ཚེས་27ཉིན། “ས་དབུས་རྒྱ་མཚོའི་ཧྥ་སྨི་ཡཱ”གྲུ་གཟིངས་འདོན་འཇུག་བྱེད་སྐབས་ཞུས་ཀྲེང་ཁྲའོ་ཡི་ཚོགས་པས་ཆུ་ཚོད་རེར་འཕྲུལ་འཁོར་གཅིག་གིས་དོས་སྒམ་70.3དང་གྲུ་གཟིངས་གཅིག་ནང་དོས་སྒམ་339ཟིན་པའི་འཛམ་གླིང་གི་དོས་སྒམ་འདོན་འཇུག་ཟིན་ཐོ་བཏོད་པ་རེད། དེ་རྗེས། ཁོང་ཚོས་སྔ་རྗེས་སུ་དོས་སྒམ་འདོན་འཇུག་གི་འཛམ་གླིང་ཟོན་ཐོ་གསར་པ་ཐེངས་9བཏོད་དེ“ཀྲེང་ཁྲའོ་ཡི་ལས་ཕྱོད”དེ་གྲུ་ཁའི་ཤུགས་ལས་རིགས་ཀྱི“གསེར་གྱི་མིང་བྱང”ལྟ་བུར་གྱུར་ཡོད་ལ་ཀྲུང་གོའི་གྲུ་ཁ་འཛམ་གླིང་གི་མདུན་གྲལ་དུ་སླེབས་པའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་ཏུའང་གྱུར་ཡོད།

    ཞུས་ཀྲེང་ཁྲའོ་ལ་ཐོག་མཐའ་བར་གསུམ་དུ་མི་ཚེའི་དོན་གཉེར་ཁ་གསལ་པོ་ཡོད་དེ“ཚན་རིག་མཁས་ཅན་མ་ཆགས་ཀྱང་རང་ཉིད་ལ་ནུས་རྩལ་ལྡན་པ་ཞིག་བྱེད་དགོས། ལག་ཤེས་མཁས་པ་ཞིག་བྱས་ན་དུས་རབས་ལ་ངོ་གནོང་མི་དགོས་ལ་གྲུ་ཁས་བསྐྱངས་པའི་དྲིན་ཡང་ཆུད་ཟོས་སུ་འགྲོ་མི་སྲིད”ཚོད་ལྟ་ཐེངས་མང་བྱས་པ་བརྒྱུད་ཁོང་གིས་གྲང་ཉར་དོས་སྒམ་ཐོག་གློག་གྲོན་ཆུང་འཕྲུལ་ཆས་བསྒར་བས་ལོ་ཧྲིལ་པོར་གློག་རིན་སྒོར་ཁྲི་600གྲོན་ཆུང་ཐུབ་པ་དང་། ཁོང་གིས་སྣེ་ཁྲིད་དེ་འཁོར་འདེགས“སྣུམ་བླུགས་ནས་གློག་ཤུགས”ལ་བསྒྱུར་ནས་ལག་རྩལ་གྱི་སྟོང་ཆ་བསྐངས་པས་ལོ་རེར་མ་དངུལ་སྒོར་ཁྲི་2000ཡན་གྲོན་ཆུང་ཐུབ་ཀྱི་ཡོད།

    ཞུས་ཀྲེང་ཁྲའོ་ལ“རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”དང་། “སྒྱུར་བཅོས་ཀྱི་གདོང་ལེན་པ”“རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས”“རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ”སོགས་ཀྱི་མཚན་སྙན་ཐོབ་ཡོད། 2009ལོར། “ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཀྲུང་གོར་སེམས་འགུལ་ཐེབས་པའི་མི་སྣ་100”ཡི་གྲས་སུ་བདམས་པ། 2019ལོར“འབད་འཐབ་པ་ཡག་ཤོས”ལ་བདམས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།