དབུ་ཤོག>ཆེད་སྒྲིག
  • བོད་མི་དམངས་ཀྱི་བདེ་སྐྱིད་མཚོན་པའི“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-28

    2021ལོའི་ཟླ་6ཚེས་25ཉིན་ནམ་མཁའ་གཡའ་དག་ཅིང་ཉི་འོད་རབ་ཏུ་འཚེར། དེ་ཉིན་ནི་ལོ་རྒྱུས་ཐོག་ནམ་ཡང་བརྗེད་པར་དཀའ་བའི་ཉིན་མོ་ཞིག་རེད།

    དེ་ཉིན་ལྷ་ཉིང་ལྕགས་ལམ་གྱི“བསྐྱར་དར་རྟགས་ཅན”གྱི་ས་མཐོའི་གློག་རླངས་ཉིས་ལྡན་གྱི་ཤུགས་འགྲེམས་མེ་འཁོར་ཐོག་མ་D2021ལྷ་ས་ནས་ཉིང་ཁྲིར་ཐོན་ཡོད།

    ཉིན་དེར“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་རང་རྒྱལ་གྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31ཚང་མར་ཁྱབ་པ་མཚོན་ཡོད།

    ལོ་དྲུག་རིང་འཛུགས་སྐྲུན་བྱས་པར་སྐྱེ་བོ་ཀུན་གྱིས་དོ་སྣང་ཆེན་པོ་བྱས་ཤིང་། ལྷ་ཉིང་ལྕགས་ལམ་ལས་བོད་ཀྱི་མི་དམངས་ཚོའི་རེ་བ་དང་ཕུགས་འདུན་མང་པོ་ཞིག་མཚོན་ཡོད་ལ། ལྕགས་ལམ་འཛུགས་སྐྲུན་པ་ཁྲི་13གྱི་འགག་སྒྲོལ་དཀའ་སེལ་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་དེ་བས་ཀྱང་མཚོན་ཡོད།

    བདེ་སྐྱིད་ལྡན་པའི་དུས་མཚམས་འདིར་རྟེན་འབྲེལ་ཞུ་ཆེད། ལྷ་ས་དང་། ཉིང་ཁྲི། ལྷོ་ཁ་སོགས་ནས་སླེབས་པའི་གྲོང་མི་མང་ཚོགས་དང་། གདན་ཞུས་ལྟར་མེ་འཁོར་ཐོག་མ་གཏོང་བའི་འཛུགས་སྐྲུན་ཕྱོགས་ཀྱི་འཐུས་མི། སྨྱན་སྦྱོར་གསར་འགོད་པ་བཅས་ཞོགས་པ་སྔ་པོ་ནས་ལྷ་ས་མེ་འཁོར་བབས་ཚུགས་སུ་སླེབས་ཡོད་ཅིང་། ཚང་མའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་པར་ཆས་དང་ལག་ཐོགས་ཁ་པར་བཏོན་ནས་མཉམ་དུ་པར་བླངས་ཏེ་མི་སེམས་འགུལ་བའི་དུས་མཚམས་འདི་ཟིན་ཐོར་འགོད་བཞིན་མཆིས།

    ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཟངས་རི་གྲོང་རྡལ་ཞོལ་པ་གྲོང་ཚོའི་མང་ཚོགས་ཤི་ལོག་གིས་གཟབ་མཆོར་ལེགས་པར་སྤྲས་ནས“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་འགྲམ་དུ་བསྡད་དེ་སོ་སོའི་རོགས་པར་དྲན་རྟེན་པར་རྒྱག་ཏུ་བཅུག ལྷ་ཉིང་ལྕགས་ལམ་གྱི་ཤུགས་འགྲེམས་མེ་འཁོར་ཐེངས་དང་པོར་སྡོད་ཆོག་པ་ཤེས་རྗེས་ཤི་ལོག་གིས་བོད་ཆས་དང་འཇུར་རྟ་ཡུ་རིང་གྲ་སྒྲིག་ཨང་བསར་བྱས་ཤིང་། ཁོང་གིས་གསར་འགོད་པར“འདི་ནི་ང་ཚོ་བོད་རིགས་མི་དམངས་ཀྱི་བཀྲ་ཤིས་པའི་དོན་ཆེན་དང་དགའ་འོས་པའི་བྱ་བཟང་ཞིག་ཡིན་པས་གཟབ་མཚོར་ལེགས་པར་སྤྲོས་དགོས་ངེས་རེད”ཅེས་བཤད་བྱུང་།

    ཆུ་ཚོད་10དང་སྐར་མ་30ལ་མེ་འཁོར་གྱི་དུང་སྒྲའི་ཁྲོད“བསྐྱར་དར་རྟགས་ཅན”གྱི་ས་མཐོའི་ཤུགས་འགྲེམས་མེ་འཁོར་D2021ལྷ་ས་མེ་འཁོར་བབས་ཚུགས་ནས་དལ་བུར་ཐོན། དུས་དེ་ནས་བཟུང་བོད་འདི་ཉིད་ཤུགས་འགྲེམས་མེ་འཁོར་གྱི་དུས་རབས་སུ་སྐྱོད་འགོ་ཚུགས། ལྷ་ཉིང་ལྕགས་ལམ་གྱི་མེ་འཁོར་ཨང་དང་པོ་D2021གི་གྲས་སུ་མེ་འཁོར་12ཡོད་པ་དེ་དག་རིམ་པ་དང་པོ་དང་གཉིས་པ་དང་ཚོང་དོན་འཁོར་སྒྲོམ་ལ་དབྱེ་བ་དང་གཏན་འཁེལ་ཚད་གཞིའི་མི་གྲངས་755ཡིན་པ་རེད།

    “མེས་རྒྱལ་དར་རྒྱས་སྟོབས་འབྱོར་མངའ་ཐང་རྒྱས་བཞིན་ཡོད་པས་སྤོབས་པ་ཆེན་པོ་སྐྱེ་གི་འདུག ཕྱིས་འབྱུང་བོད་རིགས་ཕྲུ་གུ་དེ་བས་མང་བ་མེ་འཁོར་ལ་བསྡད་དེ་རི་གྲོང་ནས་ཕྱིར་ཐོན་ཐུབ་པའི་རེ་བ་ཡོད”མེ་འཁོར་གྱི་འཁོར་སྒྲོམ་ནང་འཛུལ་མ་ཐག་ཉིང་ཁྲི་གྲོང་ཁྱེར་ཀོང་ཏུང་ཚོད་ལྟའི་སློབ་འབྲིང་གི་དགེ་རྒན་ཕུན་ཚོགས་ཚེ་རིང་གིས་ལག་ཐོགས་ཁ་པར་གྱི་སྐད་འཕྲིན་བརྒྱུད་སློབ་གྲྭའི་དགེ་སློབ་ཚོ་དང་མཉམ་དུ་རང་ཉིད་ཀྱི་དགའ་སྣང་མཉམ་སྤྱོད་བྱས། ཡང་ཁོང་གིས“དེ་རིང་ནས་བཟུང་ང་ཚོ་ཤུགས་འགྲེམས་མེ་འཁོར་ལ་བསྡད་དེ་ལྷ་སར་སྐྱོད་ཆོག”ཅེས་བཤད།

    ཆུ་ཚོད་13དང་སྐར་མ་48ལ་D2021ཤུགས་འགྲེམས་མེ་འཁོར་ཉིང་ཁྲིའི་བབས་ཚུགས་སུ་བདེ་བླག་ངང་འབྱོར།

    “བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་ཐེངས་དང་པོ་གཏོང་མཁན་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཀུང་སིའི་གོར་མོ་མེ་འཁོར་བབས་ཚུགས་དུམ་བུའི་ཤུགས་འགྲེམས་མེ་འཁོར་གྱི་འགན་འཁུར་བ་བསོད་ནམས་དབང་གྲགས་ཀྱིས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ“ང་རང་ལྷ་ཉིང་ལྕགས་ལམ་གྱི་ཤུགས་འགྲེམས་མེ་འཁོར་ཐེངས་དང་པོ་གཏོང་རྒྱུ་བྱུང་བར་སྤོབས་པ་ཆེན་པོ་སྐྱེ་གི་འདུག སླད་ཕྱིན་མི་དེ་བས་མང་བ་ངས་བཏང་བའི་མེ་འཁོར་ལ་བསྡད་དེ་ཕ་ཡུལ་དུ་བདེ་བླག་ངང་འབྱོར་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད།

    “འདི་ལོའི་ལོ་སྟོད་དུ་ཉིང་ཁྲི་གྲོང་ཁྱེར་གྱིས་སྔོན་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་489ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་37བྱུང་བས། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། དེ་རིང་ལྷ་ཉིང་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པས། ཉིང་ཁྲིའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་སྦྱིན་ངེས་རེད”ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་པ་དེ་ལས་ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་གཞོན་པ་ཀྲང་རུན་ཏུང་གིས་ཉིང་ཁྲིའི་འབྱུང་འགྱུར་གྱི་ཡུལ་སྐོར་ཁྲོམ་རར་ཡིས་ཆེས་ཀྱིས་ཁེངས་ཤིང་། ཁོང་གིས་ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་སྟེ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་བསྟུན་ནས་འདི་ལོ་ཉིང་ཁྲི་གྲོང་ཁྱེར་གྱིས་སྔོན་དཔག་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་1000ལ་སྣེ་ལེན་ཞུ་ཐུབ་རེ་ཡོད་པས་ལྕགས་ལམ་འདི་ཉིད་མི་སེར་གྱི“བདེ་སྐྱིད་ཀྱི་ལམ་བུ”དང“འབྱོར་འབྲིང་གི་ལམ་བུར”འགྱུར་རྒྱུ་རེད་ཅེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།