དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།

  • ཡོང་ཁུངས།  ​ མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-06-27

    677648_yis_1624204800000_s.jpg

    འདི་ནི་རྒད་པོ་སྟོབས་རྒྱལ་གྱི་འདྲ་པར་ཡིན་པ། 

    677650_yis_1624204800000_s.jpg

    འདི་ནི་རྒད་པོ་སྟོབས་རྒྱལ(གཡོན)དང་བཟའ་ཟླ་ཕུར་བུ་ཕན་ཐོགས་ཀྱིས་དཔལ་འབྱོར་ལྷུན་པོ་གྲོང་ཚོའི་ཁྱིམ་དུ་བརྒྱབ་པའི་དྲན་རྟེན་འདྲ་པར་ཡིན་པ། 

    འདི་ལོ་ལོ་70ལ་སླེབས་པའི་སྟོབས་རྒྱལ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ལྕང་ར་ཤང་དཔལ་འབྱོར་ལྷུན་པོ་གྲོང་ཚོ་ནས་རེད།

    སྟོབས་རྒྱལ་ལོ་6ནས་བཟུང་ཞིང་བྲན་བདག་པོའི་བོང་བུར་རྩྭ་བརྔས་ནས་སྟེར་བ་དང་དེ་མིན་གྱི་ལས་ཀ་ཙག་ཙིག་བྱེད་དགོས་ཀྱི་ཡོད། ནང་མི་དགུ་ཡོད་པ་ཚང་མ་ཁང་པ་ནག་ཁུང་ཞིག་ནང་འཚང་ཁ་བརྒྱབ་ནས་ཉལ་གྱི་ཡོད། ཁྱིམ་ཚང་གི་ཆ་རྐྱེན་སྐྱོ་དྲགས་པས། ཆུང་དུས་ཁོང་ལ་ལྷམ་གྱོན་རྒྱུ་མེད་པ་དང་། གྱོན་ཆས་ནི་ལྷན་བརྩེགས་བརྒྱབ་པ་ཤ་སྟག་ཡིན་པ་མ་ཟད། རྩམ་པ་ཡང་ཕྲན་ཙམ་ལས་མེད་པས་ནང་མི་ཚང་མ་རྒྱགས་ཕྱེད་ལྟོགས་ཕྱེད་རེད།

    1959ལོའི་ཟླ་3པར་སྟོབས་རྒྱལ་ལ་ས་ཞིང་དང་ནོར་ལུག་སོགས་ཐོན་སྐྱེད་རྒྱུ་ཆ་རག་པ་དང་འདྲ་མཉམ་མིན་པའི་ས་ཆའི་གན་རྒྱ་མེ་ལ་བསྲེགས་ཡོད། རྒད་པོས་ད་དུང་ཡང་ས་ཞིང་བགོ་སྐབས་ཀྱི་དགའ་སྣང་རྣམ་པ་དྲན་གྱི་ཡོད་པ་དང“ང་ཚོར་སྒོ་ཕྱུགས་དང་ཞིང་ཁ་རག་པ་མ་ཟད། ཐོན་འབབ་ཚང་མ་ཡང་རང་ཉིད་ཀྱི་རེད་འདུག”ཅེས་བརྗོད།

    ཏང་གི་དམངས་ཕན་སྲིད་ཇུས་ཀྱི་རོགས་རམ་དང་རང་ཉིད་ཀྱི་འབད་བརྩོན་འོག་སྟོབས་རྒྱལ་གྱིས་སྔ་རྗེས་སུ་སྡོད་ཁང་ལེགས་བཅོས་ཐེངས་4བྱས་པ་དང་ལེགས་བཅོས་བྱེད་རིམ་བཞིན་གུ་ཇེ་ཡངས་དང་ཇེ་སྐྱིད་དུ་ཕྱིན་ཡོད། ཁོང་གི་ཐོག་སོ་ཉིས་ལྡན་གྱི་བོད་བཟོའི་ཁང་པ་གསར་པའི་ནང་སྐྱོད་སྐབས་ཐོག་སོ་དང་པོར་ནས་སོགས་འབྲུ་རིགས་བཅུག་ཡོད་པ་དང་ཐོག་སོ་གཉིས་པར་རྒྱ་ཆེ་བའི་ཉི་འོད་ཚོམས་ཆེན་དུ་གཙང་སྦྲ་དོད་ལ་དེང་རབས་ཀྱི་ཁྱིམ་སྤྱོད་གློག་ཆས་ཆ་ཚང་བ་དང་། གནའ་ཉམས་ལྷག་པར་དོད་པའི་འཛིན་ཆས་མཛེས་ཤིང་ཡིད་དུ་འོང་བ། མེ་ཏོག་དང་རྩི་ཤིང་གིས་ཁང་པའི་ཕྱི་ནང་ཀུན་རབ་ཏུ་བརྒྱན།

    སྟོབས་རྒྱལ་གྱི་ཕྲུ་གུ་བཞི་པོ་གཅིག་ལས་གཅིག་འཇོན་ཐང་ཆེ་ཞིང་། བུ་རྒན་པས་ཤིང་བཟོ་སྦྱངས་རྗེས་ཕྱིར་ལས་ཀར་བསྐྱོད་པ་དང་། བུ་འབྲིང་བས་ལས་ཡུལ་དུ་འདོན་འཇུག་འཕྲུལ་འཁོར་གཏོང་བ། བུ་མོས་བོད་ཟས་ཟ་ཁང་ཞིག་བཙུགས་པ། བུ་ཆུང་ཤོས་སློབ་གྲྭ་ཐོན་རྗེས་ནག་ཆུ་གྲོང་ཁྱེར་གྱི་སློབ་ཆུང་དགེ་རྒན་ཡིན་པ་རེད།

    སྟོབས་རྒྱལ་གྱིས“ད་ཆ་འཚོ་བ་སྐྱིད་པོ་རེད་སྙམ་གྱི་འདུག བཅིངས་འགྲོལ་དམག་མི་སླེབས་རྗེས་དང་གུང་ཁྲན་ཏང་གི་མཛུབ་ཁྲིད་འོག་ང་ཚོའི་ཁྱིམ་གྱི་ལས་དབང་ལ་གཞི་ནས་འགྱུར་ལྡོག་ཆེན་པོ་བྱུང་སོང”ཞེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།