དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2021-06-27

    696413_yis_1624723200000_s.jpg

    འདི་ནི་རྒན་མོ་ཚེ་རིང་གཡང་འཛོམས་ཀྱི་འདྲ་པར་ཡིན་པ། 

    696421_yis_1624723200000_s.jpg

    འདི་ནི་རྒན་མོ་ཚེ་རིང་གཡང་འཛོམས་དང་། བུ། བུ་མོ་བཅས་ཀྱི་མཉམ་པར་ཡིན་པ། 

    འདི་ལོ་ལོ་87ལ་སོན་པའི་རྒན་མོ་ཚེ་རིང་གཡང་འཛོམས་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་རྫོང་ཡར་སྟོད་ཤང་ཆོས་སྡེ་འོག་གྲོང་ཚོའི་ཚོགས་ཆུང་གསུམ་པར་སྡོད་ཀྱི་ཡོད།

    ཁོང་གིས་བོད་རྙིང་པར་སྡུག་བསྔལ་རྫོགས་རྒྱུ་མེད་ལ་མི་ལུས་བླངས་ཀྱང་རྟ་ཟོག་སེམས་ཅན་ལྟ་བུའི་འཚོ་བ་སྐྱེལ་དགོས་པ་དང་ལྟོ་གྲོད་པ་རྒྱགས་པ་ཞིག་ཟ་རྒྱུ་དེའང་བསམ་མི་ཕོད་པ་ཞིག་རེད། ཨ་ཕས་ཉིན་གང་ཞིང་བྲན་བདག་པོའི་ལས་ཀ་བྱས་ཀྱང་ལྟོ་གྲོད་པ་རྒྱགས་པ་ཞིག་རག་གི་མེད་པས། ནང་མི་རྣམས་གཞན་གྱི་ལྟོ་ལྷག་བཟས་ནས་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད་ཅེས་བརྗོད།

    “ལུས་པོ་ཕ་མས་སྤྲད་ཀྱང་མི་ལུས་ཞིང་བྲན་བདག་པོར་དབང་བ་ཞིག་རེད། ཞིང་བྲན་ལ་ཕྲུ་གུ་གཅིག་ལས་མེད་ཀྱང་བུ་ཡིན་ན་ཨ་ཕའི་ཞིང་བྲན་བདག་པོར་དབང་བ་དང་བུ་མོ་ཡིན་ན་ཨ་མའི་ཞིང་བྲན་བདག་པོར་དབང་བ་ཞིག་རེད”ཅེས་ཚེ་རིང་གཡང་འཛོམས་ཀྱིས་ཕྱིར་དྲན་བྱེད་བཞིན་དུ་བརྗོད།

    “ཤར་ཕྱོཌ་སྤྲིན་པ་དཀར་པོ། བརྒྱབ་པའི་ལྷན་པ་མ་རེད། ཉི་མ་སྤྲིན་པའི་འོག་ནས། དྭངས་བའི་དུས་ཤིག་ཤར་ཡོང”ཞེས་པ་ནི་བོད་རྙིང་པར་དར་ཁྱབ་ཆེ་བའི་དམངས་གཞས་ཤིག་ཡིན་པ་དང་། དེས་ཞིང་བྲན་ཁྲི་ཚོ་བརྒྱ་ཡིས་ཡར་ལངས་བཅིངས་འགྲོལ་རེ་སྒུག་བྱེད་པ་མཚོན་ཡོད།

    1959ལོར་དམངས་གཙོའི་བཅོས་སྒྱུར་བྱས་པས་ཚེ་རིང་གཡང་འཛོམས་ལ་མི་ལུས་རང་དབང་ཐོབ་པ་མ་ཟད། ཞིང་ཁ་དང་སྒོ་ཕྱུགས་བགོ་བཤའ་ཡང་རག་ཡོད། 1962ལོའི་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་རང་སྲུང་འགོག་རྒོལ་དམག་འཐབ་རྒྱག་འགོ་ཚུགས་པ་དང་ཚེ་རིང་གཡང་འཛོམས་ཀྱིས་འཕྲལ་མར་མིང་ཐོ་བཀོད་དེ་རྒྱབ་ཕྱོགས་མཁོ་སྒྲུབ་སྐྱེལ་འདྲེན་རུ་ཁག་ནང་ཞུགས་ནས་བཅིངས་འགྲོལ་དམག་མིའི་རྗེས་སུ་འབྲངས་ཏེ་འཐབ་ས་མདུན་མར་བསྐྱོད་པ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་ལས་སླ་པོར་བྱུང་བ་མིན་པའི་རང་དབང་སྲུང་སྐྱོང་བྱས་ཡོད།

    ཁོང་གིས“ད་ཆ་ལྟོ་གོས་སྡོད་གསུམ་ལ་སེམས་ཁྲལ་གཏན་ནས་བྱེད་དགོས་མེད་པས་ཧ་ཅང་སྐྱིད་པོ་འདུག ཚེ་རིང་ཙམ་སྡོད་ཐུབ་པའི་རེ་བ་ཡོད”ཅེས་བརྗོད་བཞིན་དུ་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།