དབུ་ཤོག>ཆེད་སྒྲིག
  • དུས་རབས་གསར་པའི་བོད་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་བརྩམས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-06-26

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དུས་ཐུང་ལོ་ངོ་བཅུ་ཕྲག་འགའ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ལྟ་བུའི་མི་ཡུལ་གྱི་ངོ་མཚར་བཏོད་དེ་དཔལ་འབྱོར་དང་རིག་གནས་དར་རྒྱས་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས། སྐྱེ་ཁམས་ཁོར་ཡུག་བཟང་བ། མི་དམངས་འཚོ་བ་སྐྱིད་པ་བཅས་ཀྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་མདུན་དུ་བསྟན་ཡོད།

    དབུལ་པོའི་གནས་ལས་གྲོལ་ཏེ་འབྱོར་འབྲིང་འཚོ་བར་རོལ་བ།

    དེ་སྔ་ཕྱུགས་རྫི་དང་ཞིང་ལས་བྱས་ཏེ་འཚོ་བ་སྐྱེལ་མཁན་གྱི་དངོས་གྲུབ་ད་ཆ་ལྷ་ས་སྣེའུ་ཁུལ་གསར་དུ་གྲོང་སྲིད་བཟོ་པའི་ལས་གོས་གྱོན་ནས་གཙང་སྦྲ་འཕྲོད་བསྟེན་བྱེད་མཁན་ལས་བཟོ་ཞིག་ཏུ་གྱུར་ཡོད། དངོས་གྲུབ་ཀྱི་ཕ་ཡུལ་ནི་ཆབ་མདོ་གྲོང་ཁྱེར་ས་ངན་ཡུག་ཁུལ་ནས་ཡིན་པ་དང་འཕྲེད་བཅད་རི་བོའི་དབུས་སུ་གནས་པས། རི་མཐོ་ལ་གཡང་གཟར་བ་དང་འགྲིམ་འགྲུལ་སྟབས་བདེ་མེད་རྐྱེན་དབུལ་ཕོངས་ཀྱི་གནས་སུ་གྱར་ནས་རྗེས་ལུས་ཐེབས། 2018ལོར་ས་ངན་ཡུག་ཁུལ་ས་ཁུལ་དང་གྲོང་ཁྱེར་སྒྲོལ་བའི་ཡུལ་གཞན་ལ་གནས་སྤོས་དབུལ་སྐྱོར་བྱེད་འགོ་ཚུགས་པ་དང་། དངོས་གྲུབ་ལོ་དེའི་ཟླ་9པར་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དུ་སྤོས། དངོས་གྲུབ་ཀྱིས“ཁང་པ་ནི་ཏང་ཨུད་དང་སྲིད་གཞུང་གིས་རིན་པ་མི་དགོས་པར་བརྒྱབ་པ་རེད། ད་དུང་ཁྱིམ་དུ་བོད་བཟོའི་འཛིན་ཆས་ཆ་ཚང་བསྒྲིགས་འདུག་ལ། ཁྱིམ་སྤྱོད་གློག་ཆས་ཀྱང་ཆ་ཚང་བསྒར་འདུག སྣེའུ་ཁུལ་གསར་གྱིས་ད་དུང་མཚན་མོའི་སློབ་ཚན་སྣ་ཚོགས་འཁྲིད་དེ་འཚོ་བ་གསར་པ་དང་དེ་བས་འཚམ་པར་བྱ་ཆེད་ལས་ཞུགས་བྱེད་སྟངས་མང་པོ་བསླབས་བྱུང”ཞེས་བརྗོད།

    ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གི་སྲིན་བུ་རིའི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོའི་བཀོད་སྒྲིག་བྱ་ཡུལ་དུ་སྤོས་པའི་འབྲོག་པ་མང་ཚོགས་རྣམས་མུའུ་ཆིག་སྟོང་ཙམ་ཟིན་པའི་ཀུ་ཤུའི་གླིང་དང་དྲོད་ཁང་ཆེ་མོར་བྲེལ་བརྩོན་ཆེན་པོས་ལས་ཀ་བྱེད་བཞིན་འདུག འབྲེལ་ཡོད་སྡེ་ཚན་གྱིས་སྲིན་བུ་རིར་ད་དུང་གྱོན་ཆས་ལས་སྣོན་དང་ལས་གྲྭའི་འཕྲུལ་འཁོར་སོགས་ཐོན་ལས་རྣམ་གྲངས་བསྐྲུན་ཏེ་གནས་སྤོས་མང་ཚོགས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་ཀྱི་འགན་ལེན་བྱས་ཡོད།

    ལོ་རྒྱུས་དང་རང་བྱུང་ཁམས་སོགས་ཀྱི་རྒྱུ་རྐྱེན་དབང་གིས་བོད་ནི་དེ་སྔ་རྒྱལ་ཡོངས་ནས་དབུལ་པོ་ཐོན་ཚད་མང་ཤོས་དང་། དབུལ་ཕོངས་ཚབས་ཆེ་ཤོས། དབུལ་སྐྱོར་མ་གནས་ཆེ་ཤོས། དབུལ་སྒྲོལ་དཀའ་ཚེགས་ཆེ་ཤོས་བཅས་ཀྱི་ས་ཁུལ་ཞིག་རེད། ལོ་མང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་2019ལོའི་ལོ་མཇུག་ཏུ་སླེབས་སྐབས་བོད་ཀྱི་རྫོང་དང་ཆུས་དབུལ་པོ་74ཚང་མ་དབུལ་ཞྭ་ཕུད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8དབུལ་སྒྲོལ་ཐུབ་པ། མི་འབོར་དབུལ་པོ་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་2015ལོའི་སྒོར་1499ནས་2019ལོའི་སྒོར་9328བར་མང་དུ་ཕྱིན་ཡོད།

    ལོ་ངོ་སྟོང་གི་དབུལ་ཕོངས་ཀྱི་གནས་ལས་གྲོལ་ཏེ་འབྱོར་འབྲིང་གི་འཚོ་བ་སྐྱེལ་འགོ་ཚུགས་ཤིང་། ད་ཆ་བོད་ཀྱིས་ལོ་ལྟར་རིམ་པ་འདི་གའི་ནོར་སྲིད་ཡོང་འབབ་ཀྱི་བཅུ་ཆ་བདུན་ཡན་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ཐད་སྤྱད་པས། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

    ལས་རིགས་ཐམས་ཅད་དར་རྒྱས་ཕྱིན་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ།

    2006ལོའི་ཟླ་7ཚེས་1ཉིན་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་སྟེ་བོད་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། འདི་ལོའི་ཟླ་6ཚེས་30ཉིན་བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་དང་པོ་སྟེ། ལྷ་ཉིང་ལྕགས་ལམ་གཉེར་སྐྱོང་བྱེད་རྒྱུ་ཡིན་པ་དང་རང་རྒྱལ་གྱིས་རང་བརྟེན་ཞིབ་སྤེལ་བྱས་པའི་བསྐྱར་དར་རྟགས་ཅན་གྱི་ས་མཐོའི་གློག་རླངས་ཉིས་ལྡན་གྱི་ཤུགས་འགྲེམས་མེ་འཁོར་ཡང་བོད་དུ་གཏོང་རྒྱུ་ཡིན་པ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས། ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་གནང་བའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་འབོར་ཆེན་གཏན་འཁེལ་གནང་བ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཕན་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་གནང་བས་བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད།

    ལྷ་ས་ནས་གཞིས་རྩེ་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་གྱི་ལས་ཡུལ་དུ་སྐྱོད་སྐབས་གཞུང་ལམ་གཞོགས་གཉིས་ཀྱི་མཛེས་ལྗོངས་དེ་བས་བརྗིད་ཆགས་མཛེས་སྡུག་ལྡན་པ་ཞིག་འདུག ལམ་ཐག་ཧྲིལ་པོར་སྤྱི་ལེ་166.98ཡོད་པའི་ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་རྗེས་དེ་སྔ་ས་ཆ་གཉིས་དབར་རླངས་འཁོར་ལ་བསྡད་ཚེ་ཆུ་ཚོད་6ཙམ་འགོར་བ་དང་ད་ཆ་ཆུ་ཚོད་3ནང་ཚུན་དུ་སླེབས་རྒྱུ་རེད།

    ལྕགས་ལམ་དང་གཞུང་ལམ་ཙམ་མ་ཟད་ད་དུང“གློག་ཤུགས་མཁའ་ལམ”ཡང་བསྐྲུན་ཡོད། མཚོ་བོད་གློག་ཤུགས་དྲ་སྦྲེལ་དང་། ཁྲོན་བོད་གློག་ཤུགས་དྲ་སྦྲེལ། བོད་དབུས་གློག་ཤུགས་དྲ་སྦྲེལ་བཅས“གློག་ཤུགས་མཁའ་ལམ”3བསྐྲུན་རྗེས་2020ལོའི་ཟླ་12པར་མངའ་རིས་དྲ་སྦྲེལ་ལས་གྲྭ་གཉེར་འགོ་ཚུགས་པས། དེ་རྒྱུད་ཀྱི་རྫོང་16གི་ཞིང་འབྲོག་པ་ཁྲི་38ལ་བདེ་འཇགས་བློས་འཁེལ་གྱི་རྒྱལ་ཁབ་གློག་དྲའི་གློག་སྤྱོད་རྒྱུ་བྱུང་ཡོད།

    མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་ལག་གདང་སྦྲེལ་ནས་འབད་འབུངས་མདུན་སྐྱོད་བྱས་པ།

    ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་ཧུར་ཐག་བཏང་སྟེ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་ཀྱི་འབྲེལ་བ་སྲ་བརྟན་འཕེལ་རྒྱས་བཏང་ནས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཡོད། 2020ལོའི་ཟླ་5ཚེས་1ཉིན《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་སྲོལ་ཡིག》དངོས་སུ་ལག་ལེན་བསྟར་ཡོད། ཚན་པ་41ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པའི་མིང་བཏགས་པ་དང་། ཚན་པ་8ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞིའི་མིང་བཏགས་པ། གཞིས་རྩེ་གྲོང་ཁྱེར་སོགས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་ལ་བདེ་བླག་ངང་འཛུགས་གཏོད་བྱས་ཡོད།

    དུས་རབས་གསར་པར་འབད་འཐབ་ལྷོད་མེད་དང་རྒྱང་སྐྱོད་ལམ་བུ་གསར་པར་འབད་འབུངས་མདུན་སྐྱོད་བྱས་ཏེ། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དེ་བས་ཧུར་བརྩོན་ཆེ་བའི་ངར་ཤུགས་དང་། དེ་བས་ཏན་ཏིག་གི་སྤྱོད་ཚུལ། དེ་བས་ནུས་ལྡན་གྱི་བྱ་ཐབས་བཅས་ལ་བརྟེན་ནས་དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།