དབུ་ཤོག>ཆེད་སྒྲིག
  • བློ་གྲོས་དང་སྟོབས་ཤུགས་ལ་བརྟེན་ནས་དངོས་སྒྲུབ་དང་འགན་འཁྲི་ཁུར་ཕོད་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-26

     ཏང་གི་ལོ་རྒྱུས་སློབ་སྦྱོང་གཏིང་ཟབ་ཀྱིས་བློ་གྲོས་དང་སྟོབས་ཤུགས་ལ་བརྟེན་ནས་དངོས་སྒྲུབ་དང་འགན་འཁྲི་ཁུར་ཕོད་པར་བྱས་པ་རེད། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་གཙོ་བོ་དང་ལས་གནས་གཙོ་བོར་གཞི་ཚུགས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་དམིགས་ཏེ་གཞི་རྟེན་ཧུར་ཐག་བཏོད་པ་དང་། བྱེད་ཐབས་གསར་གཏོད་བྱས་པ། ཚད་གཞི་དང་སྤུས་ཚད་མཐོ་པོས་ལས་འགན་ཁག་དོན་འཁྱོལ་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།

    ཟླ་6ཚེས་23ཉིན། ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པ་དང་། ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཉེར་འགན་འཁུར་བའི“ནམ་ཡང་ཏང་གི་རྗེས་སུ་འབྲངས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འབུངས་མདུན་སྐྱོད་བྱེད་པའི”ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་བཟོའི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭར་སྤེལ་བ་རེད། སྒྲོག་འགྲེལ་ནང་ཞུགས་མཁན་རང་ལྗོངས་ཀྱི་ལས་རིགས་ཁག་གི་འཐབ་ས་དང་པོའི་ལས་བཟོའི་འཐུས་མིས་རང་ངོས་ཀྱི་མྱོང་བ་དངོས་དང་ཟུང་འབྲེལ་གྱིས་ཏང་གི་འགོ་ཁྲིད་འོག་བྱ་གཞག་ཁག་གི་འཕེལ་རྒྱས་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་སྤྲོ་སེམས་འཁོལ་པོས་བསྟོད་གླུ་ཕུལ་ཡོད། ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་མིག་སྔའི་བར་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་གྱི་བྱེད་སྒོ་ཐེངས་150ལྷག་ཙམ་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཁེ་ལས་དང་། འཁོར་ཁང་། ལས་བཟོའི་ཚོགས་སྤྱི་བཅས་ལ་སྒྲོག་འགྲེལ་བྱ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཉིན་ཤས་བསྟུད་མར། རང་སྐྱོང་ལྗོངས་ཀྱི་ལྗོངས་ཐད་གཏོགས་ཚན་པ་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་མཐུད་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མི་སྟོང་སྒྲིག་འཛུགས་ཀྱིས་མཉམ་གཞས《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པ་བཏང་སྟེ། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་ཕྱག་རྟགས་ཕུལ་ཡོད། ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོའི་ཤེས་བྱའི་འགྲན་བསྡུར་བྱས་པའི་ནང་ཏང་ཡོན་ལས་བྱེད་པ་150ཞུགས་ནས། འགྲན་བསྡུར་གྱིས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཚ་རླབས་ཤིག་འཕྱུར་བར་བྱས་ཡོད། ལྗོངས་དཔལ་འབྱོར་ཆ་འཕྲིན་ཐིང་དང་ལྗོངས་དམངས་སྲིད་ཐིང་གིས་དྲིལ་བསྒྲགས་བྱེད་སྒོའི་ཇུས་གཞི་བཟོས་ཏེ། ཞིང་འབྲོག་པས་ནོར་སྲིད་ཁ་གསབ་ཀྱི་གཟིགས་སྐྱོང་དང་དམངས་སྲིད་ཀྱི་དམངས་ཕན་སྲིད་ཇུས་ལོངས་སུ་སྤྱོད་རྒྱུར་དམིགས་ཏེ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཏན་ཏིག་ངང་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།