དབུ་ཤོག>ཆེད་སྒྲིག
  • དབང་ཧའེ་ཀྲོའུ་ཡིས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་འཐབ་ཕྱོགས་ལ་ཆེད་དོན་ཏང་གི་སློབ་ཚན་འཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-25

     ཏང་གི་ལོ་བརྒྱའི་འཁྲུངས་སྐར་སླེབས་ལ་ཉེ་བའི་མཚམས་སུ། ཚེས་23ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས“ཏང་གི་དྲིལ་བསྒྲགས་ལས་དོན་གྱི་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་དུས་རབས་གསར་པའི་བོད་ལྗོངས་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་འགན་འཁྲི་དང་ལས་འགན་སྔར་བས་ཡག་པོ་སྒྲུབ་དགོས་པ”བརྗོད་དོན་གཙོ་བོར་བྱས་ནས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་རིག་གནས་འཐབ་ཕྱོགས་ལ་ཆེད་དོན་ཏང་གི་སློབ་ཚན་གྱི་ཟུར་ཁྲིད་སྙན་ཞུ་བྱས་པ་རེད། ཟུར་ཁྲིད་སྙན་ཞུ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། རང་སྐྱོང་ལྗོངས་སུ་ཚོགས་ར་གཙོ་བོ་བཀོད་སྒྲིག་བྱས་པ་དང་། གྲོང་ཁྱེར་དང་། ས་ཁུལ། རྫོང(ཆུས)བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད།

    དབང་ཧའེ་ཀྲོའུ་ཡིས་ཏང་གི་དྲིལ་བསྒྲགས་ལས་དོན་གྱི་ལོ་རྒྱུས་སློབ་སྦྱོང་བྱས་ནས་ཏང་གི་སྤྱི་ཡོངས་ལས་དོན་ཁྲོད་ཀྱི་དྲིལ་བསྒྲགས་ལས་དོན་གྱི་གནས་བབ་གལ་ཆེན་དང་དམིགས་བསལ་ནུས་པ་ཁོང་དུ་ཡང་དག་ཆུད་པ་དང་། ཏང་གིས་བོད་ལ་དྲིལ་བསྒྲགས་ལས་དོན་སྤེལ་བའི་ལོ་རྒྱུས་སློབ་སྦྱོང་བྱས་ནས་དུས་རབས་གསར་པའི་བོད་ཀྱི་དྲིལ་བསྒྲགས་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། ཏང་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་བྱེད་ཟབ་ཏུ་བཏང་ནས་དུས་རབས་གསར་པའི་བོད་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་རྣམ་པ་གསར་པ་གཏོད་པའི་ཕྱོགས་གསུམ་ཐད་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཏང་གི་དྲིལ་བསྒྲགས་ལས་དོན་དང་ཏང་གིས་བོད་དུ་དྲིལ་བསྒྲགས་ལས་དོན་སྤེལ་བའི་ལོ་རྒྱུས་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་དང་། དྲིལ་བསྒྲགས་ལས་དོན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ཏང་གི་བྱ་གཞག་ལ་ཕུལ་བའི་ལེགས་སྐྱེས་མངོན་གསལ་དོད་པོའི་དངོས་ཡོད་ཐོག་ནས་ཕྱོགས་སྡོམ། དུས་རབས་གསར་པའི་བོད་ལྗོངས་དྲིལ་བསྒྲགས་ལས་དོན་གྱི་བླ་ན་མེད་པའི་འགན་འཁྲི་དང་ལོ་རྒྱུས་འགན་འཁྲིར་ཚན་རིག་དང་མཐུན་པའི་སྒོ་ནས་འགྲེལ་བཤད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ལ་དམ་པོར་དམིགས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དམིགས་ཚད་དང་ལས་འགན་མངོན་གསལ་དོད་པོ་ཡོང་བ་བཅས་གནང་ཡོད། ཟུར་ཁྲིད་ཀྱི་ནང་དོན་གཏིང་ཟབ་ལ་གསོན་ཉམས་དོད་པ་དང་དབྱེ་ཞིབ་ཞིབ་ཕྲ་གནང་བས། བསམ་བློའི་རང་བཞིན་དང་། རིགས་པའི་གཞུང་ལུགས་ཀྱི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཆེན་པོ་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།