དབུ་ཤོག>ཆེད་སྒྲིག
  • ཟངས་རི་རྫོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-25

    འདི་ལོ་ནས་བཟུང་། ཟངས་རི་རྫོང་གིས“ཏང་དང་མང་ཚོགས་ཀྱི་བྱེད་སྒོའི་ཉིན་མོ”གཞི་རྟེན་དུ་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་རེད།

    ཟངས་རི་རྫོང་གིས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ། ཏང་ཡོན་གྱི“མཚན་མོའི་སློབ་གྲྭ”སོགས་ལ་བརྟེན་ནས་ཆབ་སྲིད་ཀྱིས་ཁྲིད་སྟོན་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་དང་ཆེད་དོན་ཏང་གི་སློབ་ཚན་ཡག་པོ་ཁྲིད་དེ། ཏང་གི་གཟི་བརྗིད་ལྡན་པའི་ལོ་རྒྱུས་མང་ཚོགས་ལ་གསལ་པོར་བརྗོད་ནས་ཤེས་སུ་བཅུག་པ་དང་སྦྲགས། མང་ཚོགས་དང་ཉེ་བར་བཅར་རྒྱུར་མཐོང་ཆེན་བྱས་ནས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ཏེ། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་དང་གསོན་ཉམས་དོད་པའི་སྐད་ཆ་སྤྱོད་པ་དང་། གཅིག་སྡུད་སློབ་སྦྱོང་དང་དུད་ཚང་ལ་བསྐྱོད་དེ་སློབ་ཚན་འཁྲིད་རྒྱུ་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ནས་ཞིང་ནང་མུ་ཁ་དང་། ཞིང་ཁྱིམ། འབྲོག་པའི་སྦྲ་གུར། དབྱར་རྩྭ་དགུན་འབུ་འཐུ་ཡུལ་སོགས་སུ་བསྐྱོད་དེ་སྒྲོག་འགྲེལ་གྱི་བྱེད་སྒོ་སྣ་ཚོགས་རྒྱ་ཁྱབ་ངང་སྤེལ་ཞིང་། ཉེ་འགྲམ་གྱི་མི་དང་ཉེ་འགྲམ་གྱི་བྱ་བའི་སྐོར་བརྗོད་པར་བརྟེན་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་ཏང་ཡོན་གྱིས་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ཏེ། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་དང་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཧུར་ཐག་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་དམིགས་ནས་ལྷག་བསམ་ཟོལ་མེད་ངང་དམངས་ཀྱི་འདོད་ཚུལ་ཉན་པ་དང་། དམངས་ཀྱི་གནས་ཚུལ་བརྟག་ཞིབ། དམངས་ཀྱི་སེམས་ཁྲལ་ཐག་གཅོད་བྱེད་པ། སྦྱོང་སྤྱོད་ཟུང་འབྲེལ་བྱ་རྒྱུ་མངོན་གསལ་དོད་པོར་བཞག་ནས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།