དབུ་ཤོག>ཆེད་སྒྲིག
  • ཞིང་འབྲོག་ཚན་རྩལ་མི་སྣ་433འཐབ་ས་དང་པོར་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-24

     འདི་ལོ་ཚུན་དུ་ལྷོ་ཁ་གྲོང་ཁྱེར་གྱིས་རྒྱུན་རྣམ་གསར་པར་ཧུར་ཐག་བསྟུན་པ་དང་། དམིགས་ཚད་གསར་པར་དམིགས་པ། བཀོད་སྒྲིག་གསར་པ་དོན་འཁྱོལ་བཅས་བྱས་ཏེ་ཞིང་ལས་དང་གྲོང་གསེབ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

    “འབྲི་གཡག་མང་དུ་གཏོང་བ་དང་། ར་ལུག་བརྟན་པོའི་ངང་འཕར་བ། ཕག་པ་མང་དུ་གཏོང་བ། བྱ་རིགས་དང་སྒོ་ང་མང་དུ་གཏོང་བ”བཅས་ཀྱི་བསམ་ཕྱོགས་ལ་གཞིགས་ནས་འདི་ལོ་ལྷོ་ཁ་གྲོང་ཁྱེར་གྱིས་བ་གླང་མགོ་གྲངས་ཁྲི་3གྱི་རྒྱུད་པ་ལེགས་བཅོས་བྱས་པ་དང་། འབྲི་མགོ་གྲངས་3000ལ་ཕ་སྦྱོར་བྱས་པ། ཕག་པ་མགོ་གྲངས་ཁྲི་1.7བཤས་བཏང་བ། བོད་བྱ་ཐོན་ལས་གླིང་གི་ཁག་དང་པོའི་བྱ་ཕྲུག་ཁྲི་7གསོ་ཚགས་བཅས་བྱས་ཏེ། ཤའི་ཐོན་ཚད་ཏུན་ཁྲི་2.68དང་། འོ་མའི་ཐོན་ཚད་ཏུན་ཁྲི་8.38 བྱ་རིགས་དང་སྒོ་ང་ཐོན་ཚད་ཏུན་890ཟིན་པ་བྱས་ནས་ཤ་དང་འོ་མ་སོགས་འབྲོག་ལས་ཐོན་རྫས་གཙོ་བོ་མཁོ་སྤྲོད་ནུས་ལྡན་ཐུབ་པའི་འགན་ལེན་བྱས་ཡོད། ཞིང་འབྲོག་ཚན་རྩལ་མི་སྣ་433སྒྲིག་འཛུགས་ཀྱིས་འཐབ་ས་དང་པོར་བཏང་ནས་ཏང་གི་ཞིང་དར་ཞིང་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་ཞིང་འབྲོག་ལས་ཀྱི་ཉེར་སྤྱོད་ལག་རྩལ་དང་། ཚན་རྩལ་གྲུབ་འབྲས། ཁྲོམ་རའི་ཆ་འཕྲིན་བཅས་ཞིང་ཁ་དང་འབྲོག་རར་ཁྱབ་གདལ་བཏང་ནས། ཞིང་འབྲོག་ལས་ཐོན་སྐྱེད་ལ་རམ་འདེགས་བྱས་པ་དང་། “རིགས་གཅིག་མཁས་ཅན་གྱིས་གནས་གཏན་འཁེལ་གྱིས་རྫོང་ལ་འབྲེལ་གཏུག་དང་ཞིང་འབྲོག་ཚན་རྩལ་མི་སྣས་གྲོང་ཚོ་འགན་གཙང་དང་དུད་ཚང་ལ་འབྲེལ་གཏུག་བྱེད་པའི”ལས་དོན་ལམ་སྲོལ་དང“རིགས་གཅིག་མཁས་ཅན་དང་། ཚོད་ལྟའི་དཔེ་སྟོན་རྟེན་གཞི། ཚན་རྩལ་མི་སྣ། ཚན་རྩལ་དཔེ་སྟོན་དུད་ཚང་། སྐུལ་ཁྲིད་དུད་ཚང”བཅས་ཟུང་འབྲེལ་གྱི་ལག་རྩལ་ཞབས་ཞུའི་བྱེད་ཐབས་བཏོན་ནས་ཞིང་འབྲོག་ཚན་རྩལ་ཞབས་ཞུའི“མཐའ་མའི་འགག་གནད”བསལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།