གྲོང་གསེབ་དར་རྒྱས་ལས་དོན་ལ་རམ་འདེགས་བྱ་ཆེད། ཉེ་ཆར། ལྗོངས་ཞིང་ལས་ཚན་རིག་ཁང་སྦྲང་ནོར་བུ་ཞིབ་འཇུག་ཚོགས་ཆུང་གིས་ལྷོ་ཁ་སྣེ་གདོང་ཆུས་དང་། མཚོ་སྨད་རྫོང་། མཚོ་སྣ་རྫོང་བཅས་ཀྱི་སྦྲང་ནོར་བུ་གསོ་འདོད་ཡོད་པའི་ཞིང་འབྲོག་པ་དང་དེ་བཞིན་གྲོང་ཚོའི“ཨུ་ལྷན”གཉིས་ཚན་ཁག་གི་ཁོངས་མི་34སྒྲིག་འཛུགས་བྱས་ཏེ་དུས་ཡུན་ཉིན་6རིང་གི་སྦྲང་ནོར་བུ་གསོ་ཚགས་ལག་རྩལ་གསོ་སྦྱོང་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གསོ་སྦྱོང་བྱས་རྗེས་འབྲེལ་ཡོད་སྡེ་ཚན་གྱིས་དེའི་ཁྲོད་ནས་མི་10ནས་15བར་བདམས་ནས་མི་རེར་སྦྲང་ཚང་20སྤྲད་པ་དང་དེ་ལས་ཐོན་པའི་སྦྲང་རྩི་དེ་དག་འབྲེལ་ཡོད་ཁེ་ལས་ཀྱིས་ཚང་མ་ཉོ་སྒྲུབ་བྱས་ནས་སྦྲང་ནོར་བུ་གསོ་མཁན་དུད་ཚང་རེར་ལོ་རེར་ཡོང་འབབ་སྒོར་ཁྲི་2ཡན་ཟིན་རྒྱུའི་འགན་ལེན་བྱས་པ་རེད།