དབུ་ཤོག>ཆེད་སྒྲིག
  • གྲོང་སྡོད་ལས་དོན་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-06-24

    2011ལོར་ལྗོངས་ཡོངས་སུ་རྨང་བརྟན་དམངས་ཕན་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་ཚུན། ཀྲུང་གོ་ལན་ཐུང་བོད་ལྗོངས་ཡན་ལག་ཀུང་སིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་་དང་གྲོང་གསེབ་དར་རྒྱས་གཉིས་དབར་འབྲེལ་མཐུད་ནུས་ལྡན་ཡོང་ཆེད་ལེགས་སྐྱེས་ཕུལ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ལོ་སྟོད་བར། ཐོན་ལས་དབུལ་སྐྱོར་ཐད་ཁྱོན་ཆེད་ལས་མཉམ་ལས་ཁང་6(གསོ་ཚགས་མཉམ་ལས་ཁང་5དང་ཞིང་འཕྲུལ་མཉམ་ལས་ཁང་1)ལ་རོགས་སྐྱོར་བྱས་པའི་ནང་། “ས་སྐྱ་རྫོང་གོང་མ་ཤང་ཀྲུང་ཁྲེང་ཞིང་འཕྲུལ་མཉམ་ལས་ཁང”ལ་རྣམ་གྲངས་རོགས་སྐྱོར་མ་དངུལ་སྒོར་ཁྲི་50ཙམ་མཁོ་འདོན་བྱས་ཡོད། མིག་སྔར་མཉམ་ལས་ཁང་དེ་རང་སྐྱོང་ལྗོངས་རིམ་པའི་དཔེ་སྟོན་མཉམ་ལས་ཁང་དུ་འཕེལ་རྒྱས་བཏང་ཡོད་པ་རེད། 2020ལོའི་ལོ་མཇུག་བར་མཉམ་ལས་ཁང་ལ་རིམ་རྩིས་བྱས་ན་ཡོང་འབབ་སྒོར་ཁྲི་247.66བྱུང་ནས་ཞིང་འབྲོག་པར་ཁེ་སྤོགས་སྒོར་ཁྲི་170.9བགོ་འགྲེམས་བརྒྱབ་སྟེ་ས་གནས་དེ་གའི་མི་20ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།